སྭི་ཌེན་གྱི་རྒྱལ་སྲིད་བཟའ་ཚང་རྣམ་གཉིས་ཀྱི་རྒྱ་གར་གཟིགས་སྐོར།

སྭི་ཌེན་གྱི་རྒྱལ་སྲིད་བཟའ་ཚང་རྒྱལ་པོ་ཀརལ་༡༦ གུས་ཏཝ་དང་རྒྱལ་མོ་སིལ་ཝི་ཡཱ་ཨེན་ལིན་ཌེ་རྣམ་གཉིས་གཉིས་ལྔ་རིང་རྒྱ་གར་དུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཡོད། རྒྱལ་སྲིད་བཟའ་ཚང་རྣམ་གཉིས་ཀྱི་ལྷན་དུ་སྭི་ཌེན་གྱི་ཕྱི་སྲིད་བློན་ཆེན་ཨེན་ལིན་ཌེ་དང་ཚོང་ལས་བློན་ཆེན་ཨིབ་རཱ་འིམ་བྷེ་ལེན་རྣམ་གཉིས་ཀྱང་མཉམ་ཕེབས་གནང་འདུག། སྭི་ཌེན་གྱི་ཆེས་མཐོའི་གཞུང་འབྲེལ་སྐུ་ཚབ་ལྷན་དུ་ཀམ་པ་དང་བཟོ་ཚོང་ལས་གསར་པ་༥༠ ཙམ་གྱི་སྐུ་ཚབ་ཡང་ཕེབས་ཡོད་འདུག། ད་ལན་གྱི་རྒྱ་གར་གཟིགས་སྐོར་ནི་ཕྱི་ལོ་༡༩༩༣ དང་༢༠༠༥ རྗེས་སྭི་ཌེན་རྒྱལ་པོ་ཞིག་གི་རྒྱ་གར་གཟིགས་སྐོར་ཐེངས་གསུམ་ཆགས་འདུག། དེ་བཞིན་སྔར་ཕྱི་ལོ་༢༠༡༥ ལོར་རྒྱ་གར་གྱི་སྲིད་འཛོན་པར་ནབ་མུ་ཁར་ཇི་མཆོག་གི་སྭི་ཌེན་གཟིགས་སྐོར་ཕེབས་རྗེས་ད་ལམ་རྒྱལ་ཁབ་གཉིས་བར་གྱི་ཆེས་མཐོའི་གཞུང་འབྲེལ་བརྗེ་ལན་ཐེངས་བཞི་པ་ཆགས་ཡོད་འདུག། ལོ་ཤས་ནས་འགྲོ་བཞིན་པས་ངོས་གཉིས་བར་གྱི་ཆེས་མཐོའི་གཞུང་འབྲེལ་གྲོས་མོལ་གྱིས་རྒྱ་གར་སྭི་ཌེན་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་ཡོད། རྒྱལ་པོ་གུས་ཏཝ་མཆོག་སྲིད་བློན་ན་རེན་དར་མོ་དྷི་ལྷན་དུ་མཇལ་འཕྲད་གནང་ཡོད། དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱ་གར་སྭི་ཌེན་གསར་གཏོད་སྲིད་བྱུས་ཐད་ཆེས་མཐོའི་གྲོས་མོལ་དབུ་འབྱེད་གནང་འདུག། ཆེས་མཐོའི་གྲོས་མོལ་དུ་མཉམ་ཞུགས་པ་རྣམས་ཀྱིས་གནམ་གཤི་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཉུང་དུ་བཏང་བ་དང་རྒྱུན་འཛིན་ཐུབ་པའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་པ་རྣམས་འགོག་ཐབས་སུ་གྲོན་གཏོང་ཐུབ་པ་དང་ཀུན་དང་འདྲིས་པའི་འཕྲུལ་ཆས་བཟོ་བསྐྲུན་དང་མ་འོངས་མཉམ་ལས་ཀྱི་བསམ་ཆར་གོ་བསྡུར་གནང་རྒྱུ་ཡིན་འདུག། སྭི་ཌེན་རྒྱལ་པོ་མཆོག་གིས་སྲིད་འཛིན་རམ་ནཐ་ཀོ་ཝིཌ་ལྷན་དུ་ཐུག་འཕྲད་གྲོས་མོལ་གནང་སྟེ་ངོས་གཉིས་ཀྱིས་ཨེམ་ཨོ་ཡུ་གྲོས་མཐུན་གསུམ་ཐག་གཅོད་མུ་མཐུད་གནང་འདུག། གྲོས་མཐུན་དང་པི་སྭི་ཌེན་གྱི་ནུས་ཤུགས་ངོ་ཚབ་ཁང་དང་རྒྱ་གར་གྱི་ཚན་རིག་དང་འཕྲུལ་ཆས་ཚན་པ་གཉིས་ཀྱི་མཚན་རྟགས་གནང་འདུག། གྲོས་མཐུན་གཉིས་པ་ས་གཞིའི་ལྷོ་བྱང་སྣེའི་ཚན་རིག་ཐད་ཨེམ་སྭི་ཌེན་གྱི་ཤེས་རིག་དང་ཉམས་ཞིབ་ལྷན་ཁང་དང་རྒྱ་གར་གྱི་གོ་ལའི་ཚན་རིག་ལྷན་ཁང་གཉིས་ཀྱི་མཚན་རྟགས་གནང་འདུག། གྲོས་མཐུན་མཐའ་མ་མཚོ་ཐོག་སྐྱེལ་འདྲེན་གྱི་ཉེན་སྲུང་ཐད་མཚན་རྟགས་མུ་མཐུད་གནང་འདུག། རྒྱ་གར་གྱི་ཚན་རིག་དང་འཕྲུལ་ཆས་ལྷན་ཁང་དང་སྭི་ཌེན་གྱི་ཉམས་ཞིབ་ལས་ཁུངས་ཀྱིས་ཀམ་པུ་ཊར་ཚན་རིག་དང་དངོས་རྫས་ཐད་ངོས་གཉིས་མཐུན་འགྱུར་མཉམ་ལས་ཀྱི་ལས་གཞི་༢༠ ཐོག་རྒྱ་གར་སྭི་ཌེན་ཟུང་སྦྲེལ་དངུལ་འབབ་བྱ་དགའ་བརྒྱུད་མ་འཛུགས་གནང་རྒྱུ་ཡིན་འདུག།སྭི་ཌེན་ཉམས་ཞིབ་ལྷན་ཁང་གིས་ཟུང་སྦྲེལ་ལས་གཞི་དེར་སྭི་ཌེན་སྒོར་ SEK ས་ཡ་༡༤ མ་འཛུགས་གནང་རྒྱུ་ཡིན་འདུག། ཕྱི་སྲིད་བློན་ཆེན་ཌོཀ་ཊེར་ཨེས་ཇེ་ཤན་ཀར་མཆོག་གིས་སྭི་ཌེན་རྒྱལ་སྲས་བཟའ་ཚང་གཉིས་དང་ཐུག་འཕྲད་གྲོས་མོལ་གནང་སྟེ་འབྲེལ་ལམ་གཏོང་འཕེལ་བཏང་འདུག། སྭི་ཌེན་རྒྱལ་པོ་མཆོག་གིས་རྒྱ་གར་གཞུང་གི་ཚན་རིག་སློབ་སྟོན་པ་གཙོ་སློབ་དཔོན་ཀེ་ཝི་ཇེ་རཱ་གྷ་ཝན་ལྷན་དུ་རྒྱ་གར་སྭི་ཌེན་གཉིས་ཀྱི་ཁ་རླུང་བཙོག་སྒྲིབ་འགོག་ཐབས་ཀྱི་ཟུང་སྦྲེལ་ལྷན་ཚོགས་སྐབས་ཐུག་འཕྲད་གླེང་མོལ་གནང་འདུག། སྭི་ཌེན་གྱི་རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱིས་ཨུ་ཏར་ཁཌ་དང་མུམ་བེ་གཟིགས་སྐོར་དུ་ཕེབས་རྗེས་སོ་ཊོཀ་ཧོམ་དུ་ཕེབས་འདུག། དཔལ་འབྱོར་གྱི་ངོས་སུ་རྒྱ་གར་གྱི་སྭི་ཌེན་གྱི་ཕྱི་ཚོང་ཁྲོམ་ར་ཆེ་ཤོས་བཅུ་དགུ་པ་དང་ཨེ་ཤི་ཡའི་ནང་རྒྱ་ནག་དང་ཉེ་ཧོང་རྗེས་རྒྱ་གར་གྱི་ཕྱི་ཚོང་ཟླ་རོགས་རྒྱལ་ཁབ་ཆེ་ཤོས་གསུམ་པ་ཆགས་ཡོད། རྒྱ་གར་དང་སྭི་ཌེན་གཉིས་ཀྱི་ཚོང་ལས་རིན་ཐང་ཕྱི་ལོ་༢༠༠༩-༡༩ སྐབས་ཨ་སྒོར་འཐེར་བུམ་༢ ནས་ཕྱི་ལོ་༢༠༡༤-༡༥ ཨ་སྒོར་ཐེར་འབུམ་༢.༤ རུ་འཕར་ཡོད་འདུག། རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་འབྲེལ་ལམ་རིན་ཐང་ཇེ་ཆེར་སོང་ཡང་ཕྱི་ལོ་༢༠༡༨ ལོ་བར་ཨ་སྒོར་ཐེར་འབུམ་༥ ཡི་དམིགས་ཡུཔ་སྒྲུབ་ཐུབ་པ་བྱུང་མེད། གནད་དོན་དེ་དང་འབྲེལ་བའི་ཐོག་དགའ་ཚོར་གྱི་མདུན་བསྐྱོད་ཞིག་ཏུ་སྭི་ཌེན་གྱི་རྒྱ་གར་དུ་མ་འཛུགས་ཇེ་ཆེར་སོང་ཡོད་འདུག། སྭི་ཌེན་གྱི་ཀམ་ནི་ཁག་རྒྱ་གར་ལ་རང་བཙན་མ་ཐོབ་གོང་ནས་རྒྱ་གར་སང་ཚོང་འབྲེལ་ཡོད་འདུག། སྭི་ཌེན་གྱི་ཀམ་པ་ནི་ཨེ་རེཀ་སེན། སྭི་ཌེན་མེཅ་ WIMCO དང་ SKF རྣམས་རྒྱ་གར་དུ་ཕྱི་ལོ་༡༩༢༠ ཕྲོས་ནས་ཡོད་འདུག། དེ་བཞིན་ཨེཊ་ལས་ཀོཔ་ཀོ། སེན་ཌི་ཝིཀ། ཨལ

ཕ་ལེ་ཝེལ། ཨེས་ཊེ་རེ་ཛེ་ནེ་ཀ་ལ་སོགས་པའི་སྭི་ཌེན་གྱི་ཀམ་པ་ནི་ཡང་རྒྱ་གར་ལ་ཉུང་ཤས་ཡོད་འདུག། རྒྱ་གར་གྱི་བརྡ་ལན་འཕྲུལ་ཆས་ཀྱི་ཀམ་པ་ནི་༧༠ ཙམ་སྭི་ཌེན་དུ་ཡོད་འདུག།

རྒྱ་གར་དང་སྭི་ཌེན་གཉིས་ཀས་མང་གཙོའི་ལམ་ལུགས་དང་རིན་ཐང་ཐུན་མོང་དུ་སྤྱཔད་ཞིང་ཐུབ་མོང་གི་གནས་དོན་ཐད་མཉམ་ལས་གནང་བའི་མུ་མཐུད་གནང་ཡོད་དོ།