གྲོས་ཚོགས་ནང་གི་གཟའ་འཁོར་གཅིག།

མ་ཟིན། ཡོ་གྷེཤ་སུཌ། གསར་འགོད་པ།

ད་ལྟ་འགྲོ་བཞིན་པའི་དགུན་དུས་ཀྱིས་གྲོས་ཚོགས་ཚོགས་འདུས་སུ་ཕྱི་ལོ་༣༠༡༩ ལོའི་གློག་གི་ཐ་མག་ཉེར་སྤྱོད་བཀགབསྡོམ་ཁྲིམས་འཆར་ལག་བསྟར་གཏན་འབེབ་གནང་ཞིང་དམིགས་བསལ་ཉེན་སྐྱོབ་ཚོགས་པ་ལེགས་སྤྱོད་ཁྲིམས་འཆར། ༢༠༡༩ ལོའི་ཌཌ་དང་ན་གྷར་ཧ་ཝེ་ལི་ཌ་མན་དང་རྡེའུ་དབུས་འཛིན་མངའ་ཁུལ་མཐུན་སྦྱོར་གྱི་ཁྲིམས་འཆར་གོ་བསྡུར་གནངའདུག།

གྲོས་ཚོགས་འོག་མའི་ཚོགས་འདུར་ཁྲལ་བསྡུ་ལེགས་སྤྱོད་ཀྱི་ཁྲིམས་འཆར་ཐད་བགྲོ་གླེང་ཤུགས་ཆེ་ཚུགས་རྗེས་ཁེ་ལས་ཁྲལ་བསྡུ་ཤུགས་ཆེ་ཉུང་དུ་བཏང་བར་དངུལ་རྩིས་བློན་ཆེན་ལྕམ་ནིར་མ་ལ་སི་ཏ་རམ་མཆོག་་གིས་རྒྱལ་ཁབ་དུ་མ་འཛུགས་ཡོངས་སྟེ་འཕེལ་རྒྱས་གོང་འཕེལ་བཏང་བ་དང་ལས་ཀ་ཇེ་མང་དུ་བསྐྲུན་པའི་དམིགས་ཡུལ་གྱིས་ཐག་གཅོད་གཏན་འབེབ་གནང་བ་ཡིན་ཞེས་བརྗོད་འདུག། ཁོ་མོས་ཐག་གཅོད་དེ་ནི་རྒྱ་ནག་དང་ཨ་རི་གཉིས་ཀྱི་ཚོང་དམག་འགྲོ་བཞིན་པའི་དུས་སུ་ཕྱི་རྒྱལ་ཀམ་པ་ནི་ MNCs ཁག་འགྲན་ཟླ་ཅན་གྱི་ཁྲོམ་རའི་ཐབས་གཞན་གོ་སྐབས་བསྐྲུན་པར་དམིགས་པའི་སྲིད་དོན་ཁེ་ཕན་གྱི་ཐག་གཅོད་ཡིན་ཞེས་འགྲེལ་བརྗོད་གནང་འདུག། ད་དུང་ཁོ་མོས་ཀམ་པ་ནི་སུ་འདྲ་ཞིག་ཡིན་རུང་ཕྱི་ཟླ་བཅུ་པའི་ཚེས་༡ རྗེས་རྒྱ་གར་གྱི་ཁྲིམ་རར་འཛུལ་ཞུགས་གནང་ཞིང་ཕྱི་ལོ་༢༠༢༣ ཟླ་གསུམ་པའི་ཚེས་༣༡ སྔོན་བཟོ་བསྐྲུན་གྱི་སྡེ་ཚན་དུ་མ་འཛུགས་གནང་པ་དང་གཞན་ཆག་ཡང་བདེ་སྤྱོད་མ་བྱེད་ཚེ་ཆེ་ལས་ཁྲལ་བསྡུ་བརྒྱ་ཆ་༡༥ ལས་སྤྲོད་མི་དགོས་པ་ཡིན་བཅས་འགྲེལ་བརྗོད་འདུག། ཆེ་ལས་ཁྲོ་བསྡུར་ས་གནས་སྒི་ཁྲལ་དང་གླ་འཕར་སོགས་སྡོམ་ནས་ཁྱོན་བརྒྱ་ཆ་༡༧ སླེབས་ཀྱི་ཡོད། ཆེ་ལས་ཁྲལ་བསྡུ་ཇེ་ཉུང་གི་ཐག་གཅོད་དེ་ནི་དཔལ་འབྱོར་ཉམས་ཞིབ་པ་ཕལ་མོ་ཆེས་མོ་དྷི་གཞུང་གིས་རྒྱ་གར་གྱི་ཀམ་པ་ནི་ཁག་ལ་འགྲན་ཟླ་ཅན་དུ་བསྒྱུར་སླད་གྲོགས་བྱེད་པར་ཡོངས་གྲགས་ཀྱིས་བསྟོད་འདུག།

གྲོས་ཚོགས་གོང་མས་༢༠༡༩ གློག་གི་ཐ་མག་ཉེར་སྤྱོད་བཀག་སྡོམ་གྱི་ཁྲིམས་འཆར་ལག་བསྟར་གནང་ཞིང་ཁྲིམས་འཆར་དེར་གློག་གི་ཐ་མག་བཟོ་བསྐྲུན། དོས་ཁང་དུ་ཉར་འཇོག་དང་ཁྱབ་བསྒྲགས་སོགས་འམབཀག་སྡོམ་གནང་གི་ཡོད། ཁྲིམས་འཆར་དེ་ཡིའི་གློག་གི་ཐ་མག་ནི་ཀོ་ཊེན་དང་དངོས་རྫས་གཞན་ལྡན་པའི་ཡོ་ཆས་ཞིག་གི་དབུགས་རྔུབ་ཀྱིས་རླངས་པ་སྟོན་ནུས་པ་ཞིག་རུམཏུ་ངོས་འཛིན་གནང་གི་ཡོད། ཁྲིམས་འགལ་ནག་ཅན་པ་རྣམས་ལོ་གཅིག་རིང་བཙོན་འཇུག་དང་ཆད་པ་ཨ་སྒོར་ས་ཡ་༡ ཡིན་འདུག། འཕྲོད་བསྟེན་བློན་ཆེན་སྨན་པ་ཧརྴ་ཝར་དྷན་མཆོག་གིས་ཁྲིམས་འཆར་དེ་དང་འབྲེལ་བའི་བགྲོ་གླེང་སྐབས་ཁྲིམས་འཆར་དེ་ནི་རྒྱ་གར་གྱིས་ཊོ་བྷེ་ཀོ་སྟངས་འཛིན་དང་འབྲེལ་བའི་དཀའ་ངལ་འགོག་ནུས་མཚོན་པ་བརྗོད་འདུག། གྲོས་ཚོགས་གོང་མས་༢༠༡༩ ལོའི་དམིགས་བསལ་མི་སྣ་ཉེན་སྐྱོབ་ལེགས་སྤྱོད་ཁྲིམས་འཆར་མུ་མཐུད་གཏན་འབེབ་གནང་འདུག། གཟའ་འཁོར་སྔོན་མ་གྲོས་ཚོགས་འོག་མས་ཁྲིམས་འཆར་དེ་མུ་མཐུད་གཏན་འབེབ་གནང་སྟེ་གྲོས་ཚོགས་གོང་མས་ངོས་ལེན་ཆེད་བཏང་ཡོད། ལེགས་སྤྱོད་ཁྲིམས་འཆར་དེ་ཡིས་སྲིད་བློན་དང་ཁོང་གི་གཉེན་ཉེ། སྲིད་བློན་ཟུར་པ་དང་ཁོང་གི་ནང་མི་ལ་ལོ་ལྔའི་རིང་དམིགས་བསལ་ཉེན་སྐྱོབ་དམག་དཔུང་ SPG གི་ཉེན་སྲུང་མཐུན་སྐྱོར་སྦྱིན་པའི་གྲོས་འཆར་བསྟོན་ཡོད། གྲོས་ཚོགས་འོག་མས་དབུས་འཛིན་མངའ་ཁུལ་ཌཌ་རཱ་དང་ན་གྷར་ཧ་ཝེ་ལི་གཉིས་མཐུན་སྦྱོར་བྱེད་པའི་ཁྲིམས་འཆར་ངོས་ལེན་གཏན་འབེབ་གནང་འདུག། མཐུན་སྦྱོར་བྱེད་པའི་དབུས་འཛིན་མངའ་ཁུལ་དེ་ནི་དབུས་འཛིན་མངའ་ཁུལ་ཌཌ་ར་དང་ན་གྷར་ཧ་ཝེ་ལི་དང་ཌ་མན་དང་རྡེའུ་བཅས་མཚན་སྙན་སྒྲོག་རྒྱུ་ཡིན་འདུག། གྲོས་ཚོགས་འོག་མས་༢༠༡༩ ལོའི་གྲུ་གཟིངས་བསྐྱར་བཟོའི་ཁྲིམས་འཆར་ལག་བསྟར་གནང་འདུག། ཁྲིམས་འཆར་དེས་ཡ་ཉེན་ཅན་གྱི་དོངས་པོ་གྲུར་བདེ་སྤྱོད་འགོག་པ་དང་གྲུ་གཟིངས་བསྐྱར་བཟོའི་ལས་གཞི་སྟངས་འཛིན་གནང་རྒྱུ་ཡིན་འདུག།

དབུས་བློན་ཆེན་ལྷན་ཚོགས་ཀྱིས་མི་སེར་ལེགས་སྤྱོད་གྲོས་འཆར་ CAB ངོས་ལེན་གནང་ཞིང་ཁྲིམས་འཆར་དེ་གྲོས་ཚོགས་སུ་གཟའ་འཁོར་རྗེས་མ་བགྲོ་གླེར་ཆེད་སླེབས་རྒྱུ་ཡིན་འདུག། གཞུང་འཛིན་སྲིད་དོན་ཚོགས་བྷི་ཇེ་པིས་རྒྱལ་ཡོངས་མི་སེར་དེབ་གཞུང་བེད་སྤྱོད་ཆོག་པར་འབད་རྐྱེན་གྱིས་བློན་ཆེན་ལྷན་ཚོགས་ཀྱིས་མི་སེར་ལེགས་སྤྱོད་ཁྲིམས་འཆར་ངོས་ལེན་དེ་ནི་གལ་ཆེ་ཞིག་ཆག་ཡོད་འདུག།ཁྲིམས་འཆར་དེས་ཨཕ་གྷ་ནིས་ཐན། བྷང་ལ་དེཤ་དང་པ་ཀིས་ཐན་ནས་སླེབས་པའི་ཧིན་རྡུ། སིཁ། ཇེན། ནང་པ། པར་སི། དང་ཡི་ཤུའི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་གྱི་མི་སེར་སྤྲོད་རྒྱུ་ཡིན་འདུག།ཁྲིམས་འཆར་དེ་ནི་སྔོར་ཡོད་ཕྱི་ལོ་༡༩༥༥ མི་སེར་ཁྲིམས་དང་ལྡོག་ཕྱོགས་སུ་འགྲོ་ཞིང་ད་ལྟ་ཡོད་བཞིན་པའི་ཁྲིམས་ཀྱིས་རྒྱ་གར་དུ་དགོས་ངེ་ཡིག་ཆ་མེད་པའི་ཐད་རྒྱ་གར་དུ་གནས་སྡོད་པ་རྣམས་ཁྲིམས་འགལ་གནས་སྤོ་བར་ངོས་འཛིན་བྱེད་བཞིན་ཏོད། བློན་ཆེན་ལྷན་ཚོགས་ཀྱིས་མི་སྒེར་ཌ་ཊ་ཉེན་སྲུང་ཁྲིམས་འཆར་ངོས་ལེན་གནང་ཞིང་དབུས་གཞུང་གིས་ཁྲིམས་འཆར་དེ་ལྟ་འགྲོ་བཞིན་པའི་དགུན་དུས་གྲོས་ཚོགས་ཚོགས་འདུར་འགྲེམས་སྤེལ་ཞུས་རྒྱུ་ཡིན་འདུག། ཁྲིམས་འཆར་དེ་ཡིས་མི་སྒེར་གྱི་ཌ་ཊ་བསྡུ་རུབ། ཉར་འཇོག། ཉེར་སྤྱོད་ཐོག་རྒྱ་ཆེ་རྩ་འཛིན་ལག་བསྟརགནང་རྒྱུ་ཡིན་འདུག། དབུས་ནང་སྲིད་བློན་ཆེན་ཨ་མིཏ་ཤཧ་མཆོག་གིས་རྒྱ་གར་གྱི་ནག་ཉེས་ཐག་གཅོད་་མ་དེབ། དང་ནག་ཅན་རྒྱུད་རིམ་མ་དེབ་བཅས་སུ་དགོས་ངེས་ལེགས་སྤྱོད་གནང་སླད་དབུས་གཞུང་གིས་ལྷན་ཚོགས་གསར་པ་ཞིག་འཛུགའ་ཡོད་ོ་བརྗོད་འདུག། གྲོས་ཚོགས་གོང་མར་དྲི་ལན་གྱི་དུས་སུ་སྐུ་ཞབས་ནི་ཏེན་ཡཱ་ནཌ་རའི་མཆོག་གིས་དབུས་གཞུང་གིས་ཁྲིམས་འགལ་གནས་སྤོ་བ་རྣམས་རྒྱལ་ཁབ་ནས་ཕྱིར་འབུད་འགོག་པར་བཀའ་དམ་དྲག་པོ་གནང་ཡོད་པ་བརྗོད་དོ།