པ་ཀིས་ཐན་གྱི་དམག་དཔོན་གྱི་ལས་ཁུར་དུས་ཡུན་ཕར་འགྱངས་བཏང་བར་གནས་སྟངས་ཁག་པོར་ལུས་པ།

མ་ཟིན། འབུམ་རམ་པ་ཛེ་ནབ་ཨཁ་ཏར། པ་ཀིས་ཐན་གྱི་སྲིད་དོན་ཉམས་ཞིབ་པ།

པ་ཀིས་ཐན་གྱི་སྤྱི་ཁྱབ་དམག་དཔོན་ཁོ་མཱར་བྷཇ་ཝ་མཆོག་གི་ལས་འཁུར་དུས་ཡུན་ལོ་སྔིན་ཕྱི་ཟླ་བཅུ་གཅུག་ནང་མཇུག་སྒྲིལ་གནང་རྒྱུ་ཡིན་ཡང་སྲིད་བློན་ཨིམ་རན་ཁན་མཆོག་གིས་ཕྱི་ལོ་༢༠༡༨ ཟླ་བརྒྱད་པའི་ནང་བརྡ་ཁྱབ་བརྒྱུད་ལས་ཁུར་དུས་ཡུན་ལོ་གསུམ་རིང་ཕར་འགྱངས་གཏོང་འདུག། ཁན་འཛིན་སྐྱོང་གིས་བྷ་ལ་ཀོཊ་མཁའ་རྒོལ་གྱི་བྱུང་འབྲས། པུལ་ཝ་མ་བར་གས་རྗེས། རྒྱ་གར་གྱིས་རང་ཁྱིམ་ནང་གི་ཇ་མུ་ཀཤ་མིར་མངའ་སྡེར་རྩ་ཁྲིམས་བསྒྱུར་བཅོས་དང་ཨེལ་ཨོ་སི་ས་མཚམས་སུ་ཉེན་འཚབ་ཇེ་ཆེར་སོང་བས་པ་ཀིས་ཐན་རྒྱལ་ཡོངས་དང་མངའ་ཁུལ་ཉེན་སྲུང་ལ་ཉེན་ཁ་བཟོས་རྐྱེན་གྱིས་དམག་སྤྱིའི་ལས་ཁུར་དུས་ཡུན་ཕར་འགྱངས་གཏོང་བ་རྒྱུ་མཚན་བཤད་འདུག། ཡིན་ནའང་ངོ་ཚར་ཅན་གྱི་ཐག་གཅོད་དུ་པ་ཀིས་ཐབ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱུ་མཚན་ཡང་དག་མེད་པ། གལ་ཆེ་ཤོས་བྱ་བའི་རྒྱུད་རིམ་ཚུལདང་མི་མཐུན་པ་དང་འབྲེལ་ཡོད་ཁྲིམས་ལུགས་ལ་གསང་ལམ་ལྡན་པའི་རྒྱུ་མཚན་གསུམ་ལྡན་ཐད་དམག་སྤྱིའི་ལས་ཁུར་དུས་ཡུན་ཕར་འགྱངས་ཀྱི་བརྡ་ཁྱབ་ཕྱི་ཟླ་བཅུ་གཅུག་གི་ཚེས་༢༦ རུ་རྩི་མེད་གཏོང་འདུག། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དམག་མིའི་ཁྲིམས་ཡིག་ནི་པ་ཀིས་ཐན་རྩ་ཁྲིམས་ཀྱི་དོན་ཚན་༢༤༣ ཚན་པ་༣ ལས་མི་འདང་ཞིང་དེར་དུས་ཡུན་དང་ལས་ཡུན་ཕར་འགྱངས་ཐད་གང་ཡང་བཀོད་མེད་པས་ནན་བརྗོད་གནང་འདུག། དེར་བརྟེན་པི་ཊི་ཨའི་གཞུང་ལ་ཆེས་ལས་མི་སྣའི་ལས་ཡུན་ཕར་འགྱངས་དང་བསྐྱར་དུ་བསྐོ་བཞག་གནང་བའི་ཁྲིམས་ཡིག་བཟོས་པའི་བཀའ་བཏང་ཞིང་མ་ཐུབ་ཚེ་ཟླ་བ་དྲུག་ནང་དམག་སྤྱི་བྷཇ་ཝ་མཆོག་ལས་ཡུམ་ལས་རྒས་ཡོལ་འགྲོ་རྒྱུ་ཡིན་པ་བཀའ་ཁྱབ་གནང་འདུག། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་གསལ་བསྒྲགས་དེས་པ་ཀིས་ཐན་གཞུང་ངང་འཚབས་སུ་ལྷུང་ཞིང་གྲོས་ཚོགས་སུ་ཁྲིམས་ཡིག་གསར་པ་གཏན་འབེབ་གནང་བར་ཁ་གཏད་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་ངེས་ཅན་ཡིན་པ་ཤེས་བཞིན་ཡོད། ད་ལྟའི་དཀའ་ངལ་དེ་གཏན་འཇག་སེལ་ཐབས་ནི་གྲོས་ཚོགས་སུ་རྩ་ཁྲིམས་ལེགས་བཅོས་ཡིན་ཡང་རྒྱུད་རིམ་དེ་ལའང་གྲོས་ཚོགས་སུཁ་གཏད་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་དགོས་ངེས་ཡིན། དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཏུ་འདས་པའི་དུས་སུ་དམག་སྤྱིའི་ལས་ཡུན་ཕར་འགྱངས་ཆ་ཚང་ཁྲིམས་ཡིག་མེད་པའི་ཐོག་བྱུང་བ་ཡིན་འདུག།

པི་ཊི་ཨའི་གཞུངགིས་དམག་མིའི་སྒྲིག་འཛུགས་ལ་ལེགས་བཅོསགནང་དགོས་པའི་བཀའ་ཁྱབ་རྗེས་རྩ་ཁྲིམས་ལེགས་བཅོས་གནང་བར་ཁ་གཏད་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་ཐོབ་ཕྱིར་ཁ་གཏད་དུ་འཁྱེར་བཟོ་གཞི་འཇམ་དུ་ཕྱིན་སྟེ་གྲོས་མོལ་དགིས་པའི་འབོད་ཚིག་འདོན་བཞིན་འདུག། ནང་ཁུལ་གྲོས་འགྲིག་བྱུང་བའི་གནས་སྟངས་འདྲ་བར་བཟི་སྨན་ནག་ཚོང་གི་ནག་ཉེས་ཁ་མཆུ་ཡོད་པ་པི་ཨེམ་ཨེལ་ཨེན་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་པ་རཱ་ན་ས་ནོ་ལྷ་གཏའ་དངུལ་བཞག་སྟེ་བླུ་བ། སྲིད་འཛིན་ཟུར་པ་ཨ་སིཕ་ཨ་ལི་ཛར་ཌ་ར་སྨན་བཅོས་ཀྱི་རྒྱུ་མཚན་ཐོག་བླུ་བ་དང་སྐུ་ཞབས་ན་ཝཛ་ཤ་རིཕ་ལན་ཊན་ནས་པ་ཀིས་ཐན་དུ་ལོག་སླེབས་པརདབུས་གཞུང་གིས་སྐྱོན་འཛུགས་ཅིའང་མེད་པ་ངག་དམ་གནས་འདུག། བྱ་སྤྱོད་དེ་ཚོའི་རྐྱེན་པས་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༧ རུ་དམག་མིའི་ལས་ཡུན་ཙམ་མིན་པར་དམག་སྤྱིའི་ལས་ཡུན་སྟངས་འཛིན་གནང་བའི་དམག་མིའི་ཁྲིམས་ཡིག་ལག་བསྟར་གཏབ་འབེབ་གནང་ཐུབ་པ་བྱུང་འདུག། རྩ་ཁྲིམས་ལེགས་བཅོས་ཀྱི་ཁྲིམས་འཆར་གསུམ་པ་ཀིས་དམག་མའི་ལེགས་བཅོས་ཁྲིམས་འཆར་༢༠༢༠ པ་ཀིས་ཐན་མཚོ་དམག་ལེགས་བཅོས་ཁྲིམས་འཆར་༢༠༢༠ པ་ཀིས་ཐབ་མཁའ་དམག་ལེགས་བཅོས་ཁྲིམས་འཆར་༢༠༢༠ གྲོས་ཚོགས་གོང་འོག་གཉིས་སུ་ཆབ་སྲིད་ཚོགས་པ་ཤུགས་ཆེ་པི་ཨེམ་ཨེལ་ཨེན་དང་པི་པི་པི་སོགས་པའི་འགལ་ཟླ་མེད་ཀྱང་ཁ་གཏད་ཆབ་སྲིད་ཚོགས་པ་ཁ་ཤས་ཇེ་ཡུ་ཨའི་ཨེཕ། ཇ་མེ་ཨིཏ་ཨེ་ཨིས་ལ་མི་དང་པི་ཊི་ཨེམ་བཅས་ཕྱིར་འདོན་ཐོག་ཐག་གཅོད་གཏན་འབེབ་བྱུང་འདུག།

ཡིན་ནའང་དམག་སྤྱིའི་ཁྲིམས་ཡིག་ཟིན་བྲིས་རྒྱག་སྐབས་དང་འབྲེལ་བའི་རྩོད་རྙོག་སླེབས་ཞིང་ཁྲིམས་ཡིང་དེས་སྲིད་འཛིན་ལ་དམག་སྤྱི་ཁག་བསྐྱར་དུ་བསྐོ་བཞག་དང་ལས་ཡུན་དུས་འགྱངས་གྱི་གནས་དོན་ཐད་རང་རེའི་མོས་མཐུན་དང་ནུས་ཤུགས་ཆེན་པོ་སྤྲོད་པའི་ཐོག་རྩོད་གླེང་བྱེད་བཞིན་འདུག། མི་མང་པོས་པ་ཀིས་ཐན་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྷཇ་ཝ་ལས་ཡུན་གྱི་བཀས་ཁྱབ་བསྐྱར་ཞིབ་ཐད་སྙན་ཞུ་ཡོད་སྟབས་གྲོས་ཚོགས་ཀྱི་ལམ་དགོས་དོན་ཅི་ཡིན་སྙམས་བཞི་་ཡོད། ལས་དོན་དེས་སྐུ་ཞབས་ཁན་གྱི་གཞུང་གྱི་ཁྲིམས་དོན་ཚན་པ་ཐེ་ཚོམ་ངུས་པ་མཚོན་ཐུབ། གལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྙན་ཞུ་ངོས་ལེན་འམ་རྩི་མེད་བཏང་ན་གང་བྱུང་གི་རེད་དམ།

གནས་ཚུལ་འདོན་པ་གཞིར་འཇོག་ན་དམག་སྤྱིའི་ཁྲིམས་ཡིག་ནི་ངེས་གསལ་མེད་ཞིང་དམག་དཔུང་གསུམ་གྱི་དམག་སྤྱིའི་ལས་ཡོལ་ལོ་༦༤ རུ་སྤར་ཡོད་འདུག། ད་དུང་སྲིད་བློན་གྱིས་དམག་སྤྱིའི་ལས་ཡུན་དྲི་བ་དང་འགལ་ཟླ་གཅིག་ཡང་མེད་པའི་ཐོག་ཕར་འགྱངས་བཏང་ནུས་པ་ཡིན་འདུག། དེ་བཞིན་སྲིད་བློན་མཆོག་གིས་རང་འདོད་བཞིན་དམག་སྤྱིའི་ཁག་གི་ལས་ཡུན་མཚམས་འཇོག་གནང་ནུས་པ་ཡིན་ནའང་དེ་བྱུང་སྲིད་ངམ། སྔར་སྐུ་ཞབས་ན་ཝཛ་ཤཱ་རིཕ་གཞུང་གྱིས་ནུས་པ་དེ་བེད་སྤྱོད་བྱས་སྦས་དམག་དཔུང་གིས་གཞུང་འཛིན་ཧོབ་འཕྲོག་བྱས་ཡོད། དེར་བརྟེན་སྐོག་བཟས་དང་ངན་པ་རྒྱུད་འཛིན་བྲལ་བའི་པ་ཀིས་ཐན་གསར་པའི་དམིགས་ཡུལ་ནི་ད་ལྟའི་ཆར་མཇུག་སྒྲིལ་བ་ལྟ་བུ་ལུས་སོ།