ཚན་རིག་གིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་ནུས་ལྡན་པ།

ཚན་རིག་ནི་སྲོལ་ལུགས་ཀྱིས་བརྟག་དཔྱད་ཁང་གི་ཀ་བ་བཞིའི་ནང་གནས་ཡོད་ཡང་རྒྱ་གར་དུ་ཚན་རིག་གིས་སྤྱི་ཚོགས་དང་འབྲེལ་ཡོད་དུ་འགྱུར་སྟེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་དུ་ཁ་ལོ་བསྒྱུར་བར་དོ་སྣང་གནང་གི་ཡོད། རྒྱ་གར་གྱི་ཚན་རིག་ཚོགས་ཆེན་མཱ་ཧ་ཀུམྦ་ལྟ་བུ་ངོས་འཛིན་གནང་བའི་རྒྱ་གར་ཚན་རིག་འདུས་ཚོགས་ཐེངས་༡༠༧ ལེགས་སྒྲུབ་སྐབས་རྒྱ་གར་གྱི་དབུ་ཁྲིད་རྣམས་ཚན་རིག་བརྟག་དཔྱང་ཁང་དང་ཉིན་རེའི་ཚོ་བ། འཕྲོད་བསྟེན་ལྟ་སྐྱོང་མཐུན་རྐྱེན་བར་ཟམ་པ་འཛུགས་སྟེ་མང་ཚོགས་དང་མཐུན་པར་བསྒྱུར་བ་འབོད་འདུག། འདི་ལོའི་རྒྱ་གར་ཚན་རིག་འདུས་ཚོགས་ཀྱི་བརྗོད་གཞི་ནི་གྲོང་གསེབ་འཕེལ་རྒྱས་ཆེད་ཚན་རིག་དང་འཕྲུལ་ཆས་ཡིན་འདུག། སྲིད་བློན་མོ་དྷི་མཚོག་གིས་བྷང་གྷ་ལུ་རུར་ཚུགས་པའི་འདུས་ཚོགས་ཀྱི་དབུ་འབྱེད་གཏམ་བཤད་དུ་གསུང་དོན། འཕྲུལ་ཆས་ནི་གཞུང་དང་མི་དཀྱུས་མ་བར་ཟམ་པ་ལྟ་བུ་ཡིན་འདུག། འཕྲུལ་ཆས་ནི་འཕེལ་རྒྱས་མྱུར་པོ་དང་འཕེལ་རྒྱས་ལེགས་པོ་གཉིས་བར་གྱི་དོ་མཉམ་ཆ་རྐྱེན་དེ་ཡིན། འཕྲུལ་ཆས་ནི་ཕྱོགས་ཞེན་མེད་ཞིང་བར་གནས་ཡིན་འདུག། མིའི་ཚོར་བ་དང་དེང་དུས་ཀྱི་འཕྲུལ་ཆས་གཉིས་བར་འབྲེལ་མཐུད་ཡོད་ན་སྔོན་ཆད་མ་བྱུང་བའི་གྲུབ་འབྲས་སྟོན་ཐུབ་པ་བརྗོད་འདུག།
འཛམ་གླིང་དུ་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་སྤྱི་དྲོད་འཕེལ་བའི་གཟུགས་སུ་ཡོད་པ་ཉིད་ཀྱི་དཀའ་ཉན་འཕྲད་བཞིན་ཡོད། ཨོས་ཀྲེ་ལི་ཡའི་ཤིང་ནགས་མེ་སྐྱོན་ཚབས་ཆེན་དང་དེ་སྔོན་ཨེ་མེ་ཛོན་ནགས་ཚལ་མེ་སྐྱོན་ནི་མིའི་སྣང་མེད། བསམ་བཞིན་བྱས་པ་དངགཞན་ལ་བརྟེན་ནས་ཡིན། ཡིན་ནའང་ཚན་རིག་པས་ཆ་ཚད་དང་ཚབས་ཆེའི་གནོད་སྐྱོན་རྣམས་ནི་གནམ་གཤིས་འགྱུར་ལྡོག་གིས་རང་འབྱུང་རྐྱེན་ངན་ཚབས་ཆེར་གཏོང་བའི་བརྡ་མཚོན་གསལ་པོ་ཡིན་པའི་ཉེན་བརྡ་གཏོང་ཞིང་དེས་རྩི་ཤིང་ནགས་ཚལ་དང་སྲོག་ཆགས་ལ་སེམས་རྗོད་ལས་འདས་པའི་སྡུག་བསྔལ་སྤྲོད་པར་འགྱུར་གྱི་ཡོད།ང་ཚོའི་རང་འབྱུང་ཁམས་ཀྱི་ཁྲོ་གཏུམ་ང་རོའི་ཆར་རླུང་དྲག་པོ། མེ་སྐྱོན་ཚབས་ཆེ། ཆུ་ལོག་ཆེན་པོ། ཐན་པ་འབྱུང་བ་དང་ལྡིར་སྒྲའི་ས་ཡོམ་ཀྱི་དབྱིབས་གཟུགས་སུ་དངོས་སུ་མཐོང་བཞིན་ཡོད། ང་ཚོ་ཚང་མ་མཉམ་ལས་བྱེད་དེ་གནམ་གཤིས་འགྱུར་ལྡོག་སེལ་བར་ཐབས་ལམ་འཚོལ་དགོས་བཅས་སྲིད་འཛིན་གཞོན་པ་ཨེམ་ཝེན་ཀའི་ནའི་གྲུ་མཆོག་གིས་འདུས་ཚོགས་སུ་དགའ་སྐྱེལ་གསུང་་བཤད་གནང་འདུག།རྒྱ་གར་གྱིས་དེ་ལྟ་བུའི་རྐྱེན་ངན་འཛམ་གླིང་གི་ས་ཕྱོགས་གཞན་དུ་བྱུང་སྐབས་སྣང་མེད་ཁེར་རྐྱང་བསྡད་ན་་མི་འགྲིག་པ་ཡིན། འཛམ་གླིང་ནི་ཕན་ཚུན་རྟེན་འབྲེལ་གནས་ཡོད་རྐྱེན་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ནི་ཡིད་འདོན་གྱིས་མེད་པ་བཟོས་རྒྱུ་མེད་ཞིང་དེ་ནི་ང་ཚོའི་སྒོ་ཐེམ་དུ་སླེབས་ཡོད་པ་སྲིད་འཛིན་གཞོན་པའི་བརྗོད་འདུག།
ཚན་རིག་གི་སྤྱི་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་འཚོལ་ཞིང་རྒྱ་ཆེན་རྒྱལ་ཁབ་རྒྱ་གར་ལྟ་བུའི་འཕེལ་རྒྱས་ཀྱི་དམིགས་ཡུལ་གྲུབ་པའི་ལམ་འཚོལ་དགོས། རྒྱ་གར་དུ་ཞིང་ལས་དང་འཕྲོད་བསྟེན་བལྟ་སྐྱོང་ལ་སོགས་པ་རྒྱལ་ཁབ་ཀྱི་གནད་དོན་མང་པོ་ཡོད་པར་ཚན་རིག་གི་ཛ་དྲག་གི་དོ་སྣང་དགོས་ངེས་ཡིན། ཞིང་སའི་དཀའ་ཉན། འགོ་ནད་དང་འགོ་ནད་མིན་པའི་ནད་གཞི་སེལ་སྟེ་རྒྱ་གར་མོ་འབོར་གྱི་ཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བར་འབོད་དགོས། འཕྲུལ་ཆས་ཀྱིས་སྤྱི་ཚོགས་ལ་ཕན་བདེ་གྲུབ་པའི་ལས་གཞི། ཞིང་ལས་ཐབས་ལམདང་འཕྲོད་བསྟེན་བལྟ་སྐྱོང་སོགས་ཡར་རྒྱས་གཏོང་ཡོད་ཀྱང་ཕན་ནུས་དེ་དག་སྤྱི་ཚོགས་ཀྱི་བརྒྱུད་འཁོར་དང་ས་བབས་སྙོབ་ཚད་ཀྱི་མི་མཐའ་མ་བར་འབྱོར་ཐབས་སུ་མུ་མཐུད་གནས་དགོས། རྒྱ་གར་གྱི་རྒྱ་ཆེའི་ས་བབས་དང་མི་འབོར་ལ་བརྟེན་ནས་དམིགས་ཡུལ་དེ་ནི་གྲུབ་དཀའ་བ་ཡིན། དོ་ཟླ་དེ་ནི་ང་ཚོའི་ཐབས་བྱུས་པ། གཞུང་འཛིན་པ་དང་ཚན་རིག་པར་ཡིན། སྤྱིར་ཚན་རིག་གི་གྲུབ་འབྲས་ནི་ཉམས་ཞིབ་ཀྱི་ཤོག་གྲངས་མང་ཉུང་དང་དངུལ་མང་ཉུང་གཏོང་བའི་ཚད་འཇལ་གནང་ཡང་ཚན་རིག་གི་ཚོད་ལྟ་ངོ་མ་ནི་དེང་སྐབས་ཀྱི་དཀའ་ངལ་སེལ་ཞིང་སྤྱི་ཡོངས་ཀྱི་མ་འོངས་པ་ལ་གནོད་སྐྱོན་མ་བཟོས་པ་དེ་ཡིན་བཅས་སྐུ་ཞབས་ནའི་གྲུ་མཆོག་གིས་བརྗོད་འདུག།
ཇར་མ་ནི་ནས་ཡིན་པའི་ནོ་སྦེལ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་སྚེ་ཕེན་ཧེལ་མཆོག་གིས་གསར་རྙེད་ཆེན་པོ་འཆར་གཞི་འདིང་མི་ཐུབ་པ་བརྗོད་འདུག། དེ་དང་མཉམ་དུ་ཚན་རིག་ཏུ་འཁྲུལ་སྣང་ཡོད་མ་སྲིད་པ་ཞིག་ཡིན། རྒྱ་གར་ལ་མིའི་འབྱུང་ཁུངས་མང་ཞིང་ཚན་རིག་གི་གཤིད་རྒྱུད་ལྡན་པའི་ལོ་རྒྱུས་ཡོད་ ཚན་རིག་པ་གྲགས་ཅན་སི་ཝི་ར་མན། མེཀ་ནཌ་སཱ་ཧ། རཱ་མ་ནུ་ཇན། ཧོ་མི་ཇེ་བྷ་བ། ཇེ་ཅན་དྷ་ར་བྷོས་ལ་སོགས་པས་རྒྱལ་སྤྱིའི་ཚན་རིག་སྤྱི་ཚོགས་སུ་མཚན་སྙན་བཞག་ཡོད། རྒྱ་གར་ལ་གཞོན་སྐྱེད་ཚོར་ཚན་རིག་གི་ལམ་དུ་འཇོག་པའི་ཁོར་ཡུག་ཡང་ལྡན་ཞིང་སྲིད་བློན་མོ་དྷིའི་བརྗོད་པ་བཞིན་ང་ཚོར་གསར་གཏོད། བཀའ་གཏན། ཐོན་སྐྱེད་དང་གོང་དུ་འཕེལ་བའི་ལམ་དུ་འཇུག་སྟེ་ད་དུང་གཞི་རྩའི་དཀའ་རྙོག་མང་པོར་ཐབས་ལམ་གྱི་བྲལབ་རྣམས་འཚོལ་ཐབས་སུ་འབད་དགོས་པ་བརྗོད་འདུག།
མ་ཟིན། ཨེན་བྷན་ཌན་ནེར། རྒྱ་གར་ཚན་རིག་དུས་དེབ་ཀྱི་འགན་འཛིན་རྩོམ་སྒྲིག་པ།