ཨོ་མཱན:དུས་རབས་གཅིག་གི་མཇུག་བསྡུད།

ལོ་བཅུ་ཕྲག་ལྔའི་རིང་ཨོ་མཱན་གྱི་རྒྱལ་རྒྱུད་འཛིན་མཁན་སྐུ་ཞབས་སུལ་ཏན་ཀུ་བྷུས་བྷིན་སེཌ་ཨལ་སེཌ་མཆོག་རྒྱུན་རིང་ནད་ཀྱིས་མནར་སྟེ་འདིའི་ཟླའི་ཚེས་༡༠ འདས་གྲོངས་སུ་ཕྱིན་འདུག། ཚེ་འདས་སྐུ་ཞབས་སུལ་ཏན་ཀ་བྷུས་མཆོག་ནི་རྒྱལ་སྲིད་ལེགས་པར་སྲུང་ཞིང་རྒྱལ་སྤྱིར་གུས་བསུ་ཞུས་ཀྱི་ཡོད། ལོ་ན་༧༩ སུལ་ཏཱན་གྱིས་ཨོ་མཱན་དུ་ཞི་བརྟེན་དང་རང་དབང་གི་ཕྱི་སྲིད་སྲིད་བྱུས་བསྐྲུན་ཞིང་ཨ་རབ་མངའ་ཁུལ་གྱི་རྒྱལ་ཁབ་ཤུགས་ཆེ་སའུ་དྷི་ཨ་རེ་བྷི་ཡ་དང་ཨི་རན་བར་དོ་སྙོམ་གྱི་འབྲེལ་ལམ་སྤེལ་ཡོད། སྤྱི་ལོ་༡༩༧༠ ལོར་རང་ཉིད་ཀྱི་རྙིང་ཞེན་ཅན་གྱི་ཕ་ནས་ཁྲག་ཚེ་བྲལ་བའི་སྲིད་དབང་བཙན་འཕྲོག་རྗེས་སུལ་ཏཱན་ཀ་བྷུས་ཀྱིས་དྷོ་ཕཱར་གྱེན་ལོགས་རྩ་མེད་གཏོང། ཚེ་གཡོག་ལམ་ལུགས་རྩ་མེད་བཟོས། ཨོ་མཱན་འཕེལ་རྒྱས་ཀྱི་ལམ་དུ་ཁྲིད་དེ་ཕྱི་ལོ་༡༩༩༦ ལོར་ཡིག་ཐོག་གི་རྩ་ཁྲིམས་ཐོག་མ་འགྲེམ་སྤེལ་ཞུས་སྟེ་ཆབ་སྲིད། ཚོང་ལས་དང་རྩེད་རིགས་སུ་བུད་མེད་འཛུལ་ཞུགས་ལ་བློ་སྟོབས་སྤེལ་ནས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་འདུག། དེང་དུས་ཀྱི་ཨོ་མཱན་གྱི་ཕར་མཚན་སྙན་གྲགས་པས་ཕྱི་ལོ་༢༠༡༥ ལོའི་ཨི་རཱན་རྡུལ་ཕྲན་མཚོན་ཆའི་གྲོས་མཐུན་མུ་མཐུད་གཏན་འབེབ་བྱུང་བར་འཐབ་སྦྱོར་གྱི་གཉན་འཕྲང་ཅན་གྱི་ལསགནང་ཞིང་ཡེ་མེན་དུ་ནང་འཁྲུག་ཤོར་བཞིན་པའི་ཚོགས་པ་ཁག་འཆམ་མཐུན་གྱི་ལས་གཞི་སྤེལ་བར་སྙན་གྲགས་ཡོད།

ཨོ་མཱན་དུ་ཚེ་འདས་སུལ་ཏཱན་གྱི་རང་བཞིན་རྒྱུན་འཛིན་མེད་པའི་རྐྱེན་གིས་རྒྱུད་རིམ་དཀའ་པའི་བསམ་འཚོར་རྣམས་ཚེ་འདས་སུལ་ཏཱན་གྱི་ནང་མིའི་ལྷན་ཚོགས་ཀྱིས་ཚེ་འདས་སུལ་ཏཱན་གི་རྒྱུད་འཛིན་གྱི་འདམ་ག་ལྟར་ཁོ་བོའི་ཕ་མ་སྤུན་ཕྲུག་སྐུ་ཞབས་ཧ་ཐེམ་བྷིན་ཐ་རིཀ་ཨལ་སེཌ་མཆོག་སུལ་ཏཱན་རྒྱུད་རིམ་གནང་བར་མུ་མཐུད་ཐག་གཅོད་གནང་འདུག། སྐུ་ཞབས་ཧ་ཐེམ་མཆོག་ནི་དབྱིན་ཡུལ་གྱི་གྲགས་ཅན་Oxford གཙུག་ལག་སློབ་གཉེར་ཁང་དུ་ནས་སློབ་ཐོན་རྗེས་ཨོ་མཱན་གྱི་རིག་གཞུང་དང་སྲོལ་རྒྱུན་ལྷན་ཁང་དུ་སྣེ་འགན་འཁུར་གནང་འདུག།

སུལ་ཏཱན་གསར་པ་མཆོག་ལ་ཚེ་འདས་སུལ་ཏཱན་ཀ་བྷུས་ཀྱི་མི་གཅིག་ལག་གཅིག་གིས་ཨོ

མཱན་གྱི་སྲིད་བློན། རྒྱལ་སྲུང་བློན་ཆེན། དཔལ་འབྱོར་དང་ཕྱི་འབྲེལ་བློན་ཆེན་དང་དབུས་གཞུང་དངུལ་ཁང་གི་སྤྱི་ཁྱབ་བཅའ་འགན་འཁུར་གནང་བའི་རྒྱལ་ཁབ་ཞིག་ཕ་གཞིས་ཐོབ་འདུག། ཁ་བོར་ཚེ་འདས་སུལ་ཏཱན་ལ་ཐོབ་པའི་གུས་བརྩི་དང་དགའ་ཞེན་བཀའ་དབང་ཐོབ་དཀའ་བ་ཡིན། ཨོ་མཱན་གྱི་ངལ་དུབ་ཅན་གྱི་དཔལ་འབྱོར་དང་ལས་ཀ་མ་ཐོབ་པ་ཕོན་ཆེན་གྱིས་སུལ་ཏཱན་གསར་པར་རྒྱལ་སྲིད་སྐྱོང་བར་འགེག་ཆེན་པོ་བཟོས་ཞིང་ཕྱིའི་གནོན་ཤུགས་ཀྱིས་མངའ་ཁུལ་རྩོད་འགྲན་དུ་ཕྱོགས་སུ་མ་ལྷུང་བ་དང་བར་གནས་ཀྱི་ཕྱི་སྲིད་སྲུད་བྱུས་ཉར་ཚགས་གནང་རྒྱུ་བཅས་ཚོང་ལྟ་ངོ་མ་ཡིན་འདུག། དེ་ལྟའང་ཨོ་མཱན་སུལ་ཏཱན་གྱི་འགན་འཁུལ་དམ་འབུལ་རྗེས་སུལ་ཏཱན་ཧ་ཐིམ་བྷིན་ཐ་རེཀ་མཆོག་གིས་ལས་འཛིན་སྔོན་མའི་རྒྱལ་ླབ་ཡོངས་ཀྱི་ལྷན་དུ་མཛའ་བཤེས་ཀྱི་འབྲེལ་ལམ་ཉར་ཚགས་གནང་ཞིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་སུ་མ་མཐིད་འབད་པ་སྐྱོན་རྒྱུ་ཡིན་པ་བརྗོད་འདུག།

ཨོ་མཱན་གྱིས་ཚེ་འདས་ཀ་བྷུས་ཀྱི་མྱ་ངན་གུས་འདུད་ཆེད་ཉིན་གསུམ་རིང་གཞུང་འབྲེལ་གུང་གསེང་གསལ་བསྒྲགས་གནང་ཞིང་དེ་རྗེས་ཉིན་༤༠ རིང་རྒྱལ་དར་དར་ཤིང་གི་ཕྱེད་ཀར་བསྒྲེངས་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག། ཨ་རི། དབྱིན་ཡུལ། ཨི་རཱན། སའུ་དྷི་ཨ་རེ་བྷི་ཡ། ཀ་ཊར། ཡུ་ཨེ་ཨི། ཏུར་ཀི། ཇོར་ལྡན། ཨི་ཇིཔཊ་དང་བྷེ་རན་བཅས་ཀྱིས་མྱ་ངན་སེམས་སྡུག་ཞུས་འདུག། རྒྱ་གར་གྱི་སྲིད་བློན་ན་རེན་དར་མོ་དྷི་མཆོགགིས་ཚེ་འདས་ཨོ

མཱན་གྱི་འགོ་ཁྲིར་རྟེན་འབུལ་གནང་སྟེ་ཁོ་བོ་ཨ་རབ་མངའ་ཁུལ་དང་འཛམ་གླིང་ཡོངས་སུ་ཞི་བདེ་ཡི་སྒྲོན་མེ་ལྟ་བུ་བརྗོད་འདུག། རྒྱ་གར་གྱི་སྲིད་འཛོན་སྐུ་ཞབས་རམ་ནཐ་ཀོ་ཝིཌ་མཆོག་གིས་སུལ་ཏཱན་ཀ་བྷུས་མཆོག་ནི་རྒྱ་གར་གྱི་གྲོགས་པོ་ཉེ་ཤོས་ཞིག་ཡིན་ཞིང་འཛམ་གླིང་ཨ་རཱབ་མངའ་ཁུལ་དང་གོ་ལ་སྤྱོར་ཞི་བདེ་བསྐྲུན་པར་དཀའ་ལས་ལྷད་མེད་འབད་པའི་དབུ་ཁྲིད་བཟང་པོ་ཞིག་དང་ཆབ་སྲིད་མི་སྣ་ཞིག་བརླགས་པ་བརྗོད་འདུག། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་འདི་ཟླའི་ཚེས་༡༣ རུ་གཞུང་འབྲེལ་མ་ངན་གུས་འདུད་ཀྱི་ཉིན་གོ་སྒྲིག་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག། རྒྱ་གར་རྒྱལ་དར་ཉིན་དེར་དར་ཤིང་ཕྱེད་ཀརབསྒྲེངས་འཛུགས་གནང་འདུག། གྲངས་ཉུང་མི་རིགས་ཀྱི་ལས་དོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་མུཀ་ཊར་ཨ་བྷེས་ནཀ་ཝི་མཆོག་གིས་རྒྱ་གར་གཞུང་མང་གི་སྐུ་ཚབ་ཐོག་སྐུ་ཚབ་དོན་གཅོད་རུ་ཁག་ཞིག་མུལ་ཀཊ་རུ་ཚེས་༡༤ ཉིན་སྣེ་ཁྲིད་གནང་སྟེ་སེམས་སྡུག་མྱ་ངན་ཞུས་རྒྱུ་ཡིན་འདུག།

སྲིད་བློན་མོ་དྷི་མཆོཧ་གིས་ཚེ་འདས་སུལ་རཱན་ཀ་བྷུས་མཆོག་གིས་མྱ་ངན་སེམས་སྡུག་ཞུས་སྐབས་ཁོ་བོས་རྒྱ་གར་དང་ཨོ་མཱན་གཉིས་བར་འཕྲུག་ཉམས་ཅན་གྱི་སྲིད་དོན་འབྲེལ་ལམ་བསྐྲུན་པར་དབུ་ཁྲིད་འགན་འཁུར་ཤུགས་ཆེ་གནང་བ་བརྗོད་འདུག། སྐུ་ཞབས་མོ་དྷི་མཆོཧ་གིས་སུལ་ཏཱན་གསར་པར་མཚམས་འདྲི་ཞུས་སྟེ་རྒྱ་གར་གྱིས་སུལ་ཏཱན་ཧ་ཐིམ་ལྷན་དུ་མཐུན་འགྱུར་མཉམ་ལས་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏིང་ཟབ་གཏོང་བར་ཡིད་ཆེས་རེ་གུག་གནང་བ་བརྗོད་འདུག། རྒྱ་གར་དང་ཨོ་མཱན་གཉིས་ཀྱི་སྲིད་དོམ་དང་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་ལམ་ལྡན་ཞིང་རྒྱལ་ཕྱོགས་གཉོས་ཀ་གནའ་དུས་ནས་ཚོང་འབྲེལ་དཡ་མཇུག་བཞིན་ཡོད། ཨོ་མཱན་དུ་རྒྱ་གར་གྱི་ཡུལ་སྤྱུག་པ་འབུམ་བརྒྱད་ལྷག་གནས་སྡོད་བྱེད་ཞོང་ཁོང་ཚོས་རང་ཁྱིམ་རྒྱ་གར་དུ་དངུལ་གཏོང་གི་ཡོད། རྒྱ་གར་གྱི་ལས་མི་རྣམས་ཀྱིས་ཨོ་མཱན་སྤྱི་ཡོངས་ཀྱི་་འཕེལ་རྒྱས་ཐད་གལ་གནད་ཅན་གྱི་བྱེད་སྒོ་འཁུར་ཡོད། རྒྱ་གར་གིས་སུལ་ཏཱན་གསར་པའི་ལྷན་དུ་ཨོ་མཱན་དང་འབྲེལ་ལམ་གཏིང་ཟབ་མུ་མཐུད་ཉར་ཚགས་གནངབར་འདོད་པའི་ཡིད་ཆེས་ཞུས་སོ།

མ་ཟིན། འབུམ་རམ་པ་ལཀྴ་མི་པིར་ཡཱ། ཨའི་ཌི་ཨེས་ཨེའི་ཉམས་ཞིབ་པ།