རྒྱ་གར་དང་ལེཊ་ཝི་ཡ་གཉིས་ཀྱི་འབྲེལ་ལམ་ལ་འགུལ་ཤུགས་གསར་པ།

ལེཊ་ཝི་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨེཌ་གྷར་རིན་ཝེཀ་མཆོག་གི་རྒྱ་གར་གཞུང་འབྲེལ་གཟིགས་སྐོར་གྱིས་ངོས་གཉིས་ཀྱི་འབྲེལ་ལམ་ལ་འགུལ་ཤུགས་གསར་པ་བསྐྲུན་འདུག། ཕྱི་ལོ་༢༠༡༦ ལོའི་ཟླ་དགུ་པར་རྒྱ་གར་གྱི་བརྡ་ལན་འཕྲུལ་ཆས་དང་བཀའ་ཁྲིམས་བློན་ཆེན་སྐུ་ཞབས་ར་ཝི་ཤྣ་ཀར་མཆོག་གི་ལེཊ་ཝི་ཡར་གཟིགས་སྐོར་ཕེབས་ཡོད། སྔ་ལོ་༢༠༡༩ ཟླ་བ་བརྒྱད་པར་ལེཊ་ཝི་ཡའི་སྲིད་བློན་མཆོག་གིས་རྒྱ་གར་དུ་ལོ་རྒྱུས་ཅན་གྱི་གཟིགས་སྐོར་ཐོག་མར་ཕེབས་ཡོད། རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ཨེམ་ཝེན་ཀའི་ནའི་གྲུ་མཆོག་སྔ་ལོ་༢༠༡༩ ཟླ་བ་བརྒྱད་པར་ལེཊ་ཝི་ཡར་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ཡོད།

རྒྱ་གར་དང་ལེཊ་ཝི་ཡ་གཉིས་ཀྱི་འབྲེལ་ལམ་ནི་ལོ་བརྒྱ་ཕྲག་མང་པོ་སྔོན་ནས་ཡོད་བསྡད་པ་ཡིན། ཕྱི་ལོ་༡༩༢༡ ཟླ་བ་དགུ་པའི་ཚེས་༢༢ ལེཊ་ཝི་ཡ་ལོགྷ་ཨོཕ་ནེ་ཤྣ་ཚོགས་པའི་རང་དབང་ཚོགས་རྒྱལ་དུ་འགྱུར་ཡོད། ལེཊ་ཝི་ཡ་ནི་ཕྱི་ལོ་༡༩༢༠ ཟླ་བ་དང་པོའི་ཚེས་༡༠ ནས་ལེགྷ་ཨོཕ་ནེ་ཤྣ་རྒྱལ་ཚོགས་ཀྱི་གསར་གཏོད་ཚོགས་རྒྱལ་ངོ་མའི་ཐོག་རྒྱ་གར་གྱིས་འཛམ་གླིང་རྒྱལ་ཁབ་མཉམ་སྡེབ་ཀྱི་ཚོགས་པ་ཐོག་མར་ཚོགས་མི་འགྱུར་བར་རྒྱབ་སྐྱོར་བྱས་ཡོད།

རྒྱ་གར་དང་ལེཊ་ཝི་ཡ་གཉིས་བར་ཐོག་མ་ཤེས་ཡོན་དང་རིག་གཞུང་ཐོག་མཉམ་ལས་ཀྱི་འབྲེལ་ལམ་ཐོག་མ་བྱུང། ལེཊ་ཝི་ཡ་རྒྱལ་ཡོངས་ཤེས་སྟོབས་ཅན་གྱི་མཐིན་འགྱུར་མཉམ་ལས་ཚོགས་པ་ནི་ཕྱི་ལོ་༡༩༢༣ ལོཏ་རི་གྷ་གཙུག་ལག་སློབ་གཉེར་ཁང་དུ་ལེཊ་ཝི་ཡའི་ཕྱི་སྲིད་ལྷན་ཁང་གིས་རོགས་སྐྱོར་ཐོག་གསར་འཛུགས་གནང་བ་ཡིན། ཕྱི་ལོ་༡༩༣༠’s རྒྱ་གར་གྱི་སྲིད་འཛིན་གཉིས་པ་འབུམ་རམ་པ་སར་ཝ་པ་ལི་རཱ་དྷ་ཀི་རྴི་ན་མཆོག་གིས་ལིགྷ་ཡི་རྒྱལ་སྤྱིའི་ཤེས་སྟོབས་ཅན་གྱི་མཐུན་འགྱུར་མཉམ་ལས་ཚོགས་པར་རྒྱ་གར་གྱི་སྐུ་ཚབ་གནང་ཡོད། རྒྱལ་སྤྱིའི་ལྷན་ཚོགས་དེས་པེ་རིས་སུ་ཕྱི་ལོ་༡༩༤༦ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན། རིག་གཞུང་དང་ཚན་རིག་ཚོགས་པ་UNESCO གསར་འཛུགས་བྱུང་བར་བྱེད་སྒོ་ཆེན་པོ་གནང་ཡོད།

འདི་ལོའི་ཟླ་བ་དང་པོའི་ཚེས་༡༣ ལེཊ་ཝི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སཱ་དྷ་ན་མཆོག་གི་བརྩམས་པའི་དེབ་བྷལ་ཊི་ལོ་རྒྱུས་སུ་དམངས་ཁྲོད་ཀྱི་གོམས་གཤིས་ཞེས་པ་རྒྱལ་ས་ལྡི་ལིའི་ལེཊ་ཝི་ཡ་དོན་གཅོད་ཁང་དུ་དབུ་འབྱེད་གནང་འདུག། དཔེ་དེབ་གལ་ཆེ་དེས་བྷལ་ཊིཀ་དམངས་ཁྲོད་གླུ་གཞས་དང་དེ་ཡིས་རང་དབང་འཐབ་རྩོད་ལ་ཤུགས་རྐྱེན་གྱི་སྒྲུང་འགྲེལ་བརྗོད་གནང་གི་ཡོད། བདག་ཉིད་ཆེན་པོ་གྷན་དྷིའི་གནས་ཁྲིད་འོག་རྒྱ་གར་གྱིས་ཚེ་མེད་ཞི་བའི་ལམ་གི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་དེ་ལེཊ་ཝི་ཡའི་མང་ཚོགས་ལ་བྲག་ཅ་འཁོར་འདུག།ཕྱི་ལོ་༡༩༩༡ ལོར་ལེཊ་ཝི་ཡས་ཚེ་མེད་ཞི་བའི་ལམ་གྱི་རང་དབང་འཐབ་རྩོད་ཀྱིས་གྲུབ་འབྲས་ཐོན་པར་རྒྱ་གར་གྱིས་རང་དབང་ཅན་གྱི་ལེཊ་ཝི་ཡར་བསྐྱར་ཐོན་ལ་དགའ་བསུ་ཞུས་འདུག། ལེཊ་ཝི་ཡའི་ཕྱི་སྲིད་བློན་ཆེན་རིན་ཀེ་ཝེཀ་མཆོག་གིས་རྒྱ་གར་གཞུང་འབྲེལ་གཟིགས་སྐོར་གྷན་དྷིའི་དུར་ཁྲོད་དུ་མེ་ཏོག་གི་ཕྲེང་བ་འབུལ་སྟེ་འགོ་འཛུགས་གནང་འདུག།

ད་ལན་གྱི་གཟིགས་སྐོར་གྱིས་རྒྱ་གར་དང་ལེཊ་ཝི་ཡ་གཉིས་བར་གྱི་མཐུན་འགྱུར་མཉམ་ལས་གོང་འཕེལ་གཏོང་བར་གཞི་རྟེན་གསར་པ་བསྐྲུན་གྱི་ཡོད། རི་གྷ་གཙུག་ལག་སློབ་གཉེར་ཁང་གིས་ད་ལྟའི་ཆར་རྒྱ་གར་གྱི་སློབ་ཕྲུག་༡༥༠༠ སྨན་དང་བཟོ་ལས་ཀྱི་སློབ་ཚན་དུ་གནས་མོ་བྱེད་བཞིན་ཡོད། ཕྱི་ལོ་༢༠༡༣ ནས་རོ་གྷ་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་གར་སློབ་གཉེར་དང་རིག་གཞུང་གི་བལྟི་གནས་ཁང་གསར་པ་འགོ་འབྱེད་གནང་ཡོད། ཇ་ཝ་ཧར་ལཱལ་ནྷེ་རུ་གཙུག་ལག་སློབ་གཉེར་ཁང་གི་བྷལ་ཊི་སློབ་གཉེར་ཚན་པ་དང་རིདྷ་ཝར་གྱི་དྷེཝ་སནྶ་ཀི་རི་ཏི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་གར་དང་བྷལ་ཊི་རིག་གཞུང་དང་སློབ་གཉེར་གྱི་རྒྱལ་སྤྱིའི་གསར་དེབ་འགྲེམས་སྤེལ་ཞུས་མཁན་གཉིས་རྒྱལ་ཁབ་གཉིས་ཀྱི་ཤེས་ཡོཇ་འབྲེལ་ལམ་གོང་འཕེལ་གཏོང་བར་ཕྱག་སྦྲེལ་ཡིན་འདུག།

ད་ལྟ་ལེཊ་ཝི་ཡ་ནི་བྷལ་ཊི་མཚོའི་ཉེ་འཁོར་དུ་ཆགས་པའི་རྒྱལ་ཁག་ལས་གཅིག་ཡིན་ཞིང་ལེཊ་ཝི་ཡའི་རང་རྒྱལ་གྱི་མང་ཚོགས་ཀྱོ་ནུས་སྟོབས་གོང་འཕེལ་དང་སྤྱི་ཚོགས་དཔལ་འབྱོར་མྱུར་ཚད་སྤོར་བར་བར་ཌི་ཇི་ཊལ་འཕྲུལ་ཆས་ཉེར་སྤྱོད་ལ་དོ་སྣང་དམིགས་བསལ་སྤྲོད་བཞིན་ཡོད། རྒྱ་གར་གྱིས་རང་རེའི་ཌི་ཇི་ཊལ་ལས་གཞི་ལ་ཤུགས་གནོན་སྤྲོད་བཞིན་པའི་ལེཊ་ཝི་ཡ་ལྷན་དུ་བསམ་འཚོར་དེ་མཉམ་དུ་སྤྱོད་བཞིན་ཡོད། རྒྱ་གར་དང་ལེཊ་ཝི་ཡ་གཉིས་བར་ལསཌི་ཇི་ཊལ་སེཀ་ཊར་དུ་བུད་མེད་གཙོ་འཛིན་པའི་ལས་ཀ་ཐོབ་པའི་རྩལ་སློབ་པའི་གནད་དོན་ཐད་མཐུན་འགྱུར་མཉམ་ལས་གནང་བའི་གོ་སྐབས་ཡོད་འདུག། ཕྱི་ལོ་༢༠༡༥ ཟླ་བ་གསུམ་པར་སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་རྒྱ་གར་རྒྱ་གར་མཚོར་རྒྱ་གར་གྱི་མཚོ་དང་འབྲེལ་བའི་ཁོ་ཕན་ཐད་ཡོངས་ལ་ཉེན་སྲུང་དང་དང་འཕེལ་རྒྱས་ཞེས་པའི་སཱ་གྷར་སྲིད་བྱུས་འགྲེལ་བརྗོད་གནང་འདུག། རྒྱ་གར་རྒྱ་མཚོར་ཉེན་སྲུང་དང་འཕེལ་རྒྱས་ཀྱི་མཚོ་ཐོག་རྒྱལ་འབྲེལ་སྲིད་བྱིས་ཐད་ལེཊ་ཝི་ཡ་ནི་ལག་བསྟར་རུང་བའི་ཕྱག་སྦྲེལ་ནུས་པ་ལྡན་ཞིང་དེའི་བརྒྱུད་རྒྱ་གར་དང་ལེཊ་ཝི་ཡ་གཉིས་བར་མཚོ་ཐོག་འབྲེལ་མཐུད་ཀྱི་སྐུལ་སྟོབས་ནུས་པ་ཡིན་འདུག་གོ།

མ་ཟིན། ཨ་ཤོ་ཀཱ་མུ་ཁར་ཇི། རྒྱ་གར་གྱི་མཉམ་སྦྲེལ་རྒྱལ་ཚོགས་གཏན་འཇག་སྐུ་ཚབ་ཟུར་པ།