སྐུ་ཞབས་ལཝ་རོཝ་ཡི་རྒྱ་གར་གཞུང་འབྲེལ་གཟིགས་སྐོར་གྱིས་རྒྱ་གར་དང་ཨུ་རི་སུ་གཉིས་ཀྱི་འབྲེལ་ལམ་དམ་སྦྱོར་གཏོངབ།

རུས་ཀྱི་ཕྱི་སྲིད་བློན་ཆེན་སར་ཇི་ལཝ་རོཝ་མཆོག་གི་རྒྱ་གར་དུ་རའི་སི་ནཱ་གྲོས་མོལ་དུ་ཕེབས་ཞུགས་ཀྱིས་རྒྱ་གར་དང་རུས་ཀྱི་གཞུང་འབྲེལ་འབྲེལ་ལམ་བཟང་པོ་བསྐྱར་ཞིབ་གནང་བའི་གོ་སྐབས་ལེགས་པར་བསྐྲུན་འདུག། སྐུ་ཞབས་ལཝ་རོཝ་ཡིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཌོཀ་ཊར་ཨེས་ཇེ་ཤྣ་ཀར་ལྷན་དུ་ཨི་རན། ལིབ་ཡཱ་དང་སི་རི་ཡ་གཙོས་པའི་དེ་ལྟའི་མངའ་ཁུལ་གྱི་གནས་སྟངས་སོགས་ཐད་ཟབ་ཞིང་རྒྱས་པའི་གོ་བསྡུར་གླེང་མོལ་གནང་འདུག། དེ་རྗེས་བློན་ཆེན་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེན་དྷར་མོ་དྷི་ལྷན་དུ་གྲོས་མོལ་གནང་འདུག། དབུ་ཁྲིད་རྣམ་གཉིས་ཀྱི་གྲོས་མོལ་སྐབས་སྲིད་བློན་མོ་དྷི་མཆོག་གིས་ལོ་སྔོན་མ་ཐག་གཅོད་གལ་ཆེ་ཁག་དང་བྱས་འབྲས་སོགས་ཐོན་ཞིང་ད་ལོ་༢༠༢༠ ནི་རྒྱ་གར་དད་རུས་གཉིས་བར་གྱི་གཞུང་འབྲེལ་འབྲེལ་ལམ་འགོ་ཚུགས་སྟེ་ལོ་ངོ་༢༠ འཁོར་བའི་དུས་སྟོན་ཆགས་པའི་རྐྱེན་གྱིས་སྔར་གྱི་མུ་མཐུད་ཐག་གཅོད་བྱུང་བ་རྣམས་ལག་བསྟར་གནང་རྒྱུའི་ལོར་ངོས་འཛིན་བྱས་དགོས་པ་གསུངས་འདུག། ཕྱི་སྲིད་ལྷན་ཁང་གཉིས་ཀྱི་ཞིབ་བསྡུར་སྐབས་ཌོཀ་ཊར་ཇེ་ཤྣ་ཀར་དང་སྐུ་ཞབས་ལཝ་རོཝ་གཉིས་ཀྱིས་འཛམ་གླིང་ཤར་དབུས་སུ་འཕར་བཞིན་པའི་རྩོད་རྙོག་ཇེ་ཆེར་སོང་བ་དང་དེས་འཛམ་གླིང་གི་དཔལ་འབྱོར་དང་པར་ཤི་ཡན་གལཕ་ས་ཁུལ་གྱི་ཡུལ་བབ་སྲིད་བྱུས་ཤུགས་རྐྱེན་སོགས་གོ་བསྡུར་གནང་འདུག། ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱིས་ཕྱི་ལོ་༢༠༢༠ ལོར་ངོས་གཉིས་འབྲེལ་ལམ་གྱི་ཕྱུག་པའི་གྲོས་འཆར་ཁག་མདུན་དུ་ཡོད་པ་རྣམས་དོ་སྣང་བྱས་འདུག། ལོ་གསར་པའི་འགོ་སྟོད་དུ་རྒྱ་གར་དང་རུས་གཉིས་བར་ཆེས་མཐོའི་གཞུང་འབྲེལ་གྲོས་མོལ་གྱིས་ཡོངའ་གྱུར་གྱི་ཕྱོགས་དུ་མ་ལྡན་པའི་ཆེས་མཐོའི་ལྷན་ཚོགས་ཁག་ཏུ་འབྲེལ་ལམ་བྱེར་སྒོ་སོགས་སྟབས་བདེ་བཟོས་ཡོད། 

རུས་ཀྱོ་སྲིད་འཛིན་ཝ་ལཱ་དྷི་མིར་པུ་ཏིན་དང་སྲིད་བློན་ན་རེན་དར་མོ་དྷི་རྣམས་གཉིས་སྔ་ལོ་༢༠༡༩ ཟླ་བ་དགུ་པར་ཝ་ལཱ་དྷི་ཝོས་ཏོཀ་གྲོང་ཁྱེར་དུ་ཐུག་འཕྲད་མཐའ་མ་གནང་ཡིན། དབུ་ཁྲིད་རྣམ་གཉིས་ལོ་འདིའི་རྗེས་སོར་དུ་བསྐྱར་དུ་ཐུག་འཕྲད་གནང་རྒྱུ་ཡིན་འདུག། དེ་དང་མཉམ་དུ་དབུ་ཁྲིད་རྣམ་གཉིས་ཀྱིས་ཇི་༢༠ ཆེས་མཐོའི་བལའ་གྲོས། བྷི་རིཀ་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་དང་ཨེས་སི་ཨོ་ཆེས་མཐོའི་བཀའ་གྲོས་ལ་སོགས་པའི་ཕྱོགས་དུ་མ་ལྡན་པའི་རྒྱལ་སྤྱིའི་ཚོགས་ཆེན་ཁག་ཏུ་ཐིག་འཕྲད་གནང་རྒྱུ་ཡིན། རྒྱལ་སྤྱིའི་ཚོགས་ཆེན་ཁག་སྔོན་དུ་སྲིད་བློན་མོ་དྷི་མཆོག་འདི་ལོའི་ཟླ་བ་ལྔ་པར་རུས་ཀྱི་རྒྱལ་ས་མོས་ཀོར་རྒྱལ་ཁའི་ཉིན་མོའི་ལོ་འཁོར་དུས་དྲན་ཐེངས་༧༥ དགའ་སྟོན་དུ་མཉམ་བཞུགས་གནང་བར་ཕེབས་རྒྱུ་ཡིན་འདུག། ཕྱི་སྲིད་བློན་ཆེན་ལཝ་རོཝ་མཆོག་གིས་ཇེ་རྒྱས་སུ་འགྲོ་བའི་རྒྱ་གར་དང་རུས་གཉིས་བར་གྱི་དམིགས་བསལ་དང་ཁེ་ཕན་ཅན་གྱི་ཕྱི་སྦྲེལ་སྲིད་བྱུས་ཟླ་གྲོགས་ཐད་གོ་བསྡུར་གནང་འདུག། ཁོང་དང་ཌོཀ་ཊར་ཇེ་ཤྣ་ཀར་རྣམ་གཉིས་ཀྱིས་ངོས་གཉིས་ཀྱི་ད་ལྟའི་འབྲེལ་ལམ་ཐད་ཞིབ་བསྡུར་གནང་འདུག། ལོ་སྔོན་རུས་ཀྱི་ཝ་ལཱ་དྷི་ཝོས་ཏོཀ་གྲོང་ཁྱེར་དུ་ལོ་ལྟར་བཀའ་གྲོས་ཐེངས་༢༠ པའི་མཇུག་བསྡུས་རྗེས་ཀྱི་ཟུང་སྦྲེལ་གཏམ་བཤད་དུ། རྒྱ་གར་སད་རུས་གཉིས་ཀྱི་ད་ལྟའི་དུས་ཀྱི་འཛམ་གླིང་གི་ཟིང་འཚུབ་ཀྱི་གནས་སྟངས་ལས་རྒྱལ་ཞིང་ཕྱིའི་ཤུགས་རྐྱེན་ཞུགས་སླ་བ་མེད་པབརྗོད་འདུག། རྒྱ་གར་རུས་གཉིས་ཀྱི་འབྲེལ་ལམ་ཡོངས་སུ་རྫོགས་པ་འཕེལ་རྒྱས་ནི་ངོས་གཉིས་ཀྱི་ཕྱི་སྲིད་སྲིད་བྱུས་ཀྱི་གལ་གནད་དང་པོ་ཡིན་པ་བརྗོད་འདུག།

རྒྱ་གར་དང་རུས་གཉིས་ཀྱི་འབྲེལ་ལམ་ཇེ་རྒྱས་དང་གཏིང་ཟབ་གཏོང་སླད་ངོས་གཉིས་ཀྱིས་ཕྱི་ལོ་༢༠༢༥ བར་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་༣༠ རུ་འཕར་བའི་དམིགས་ཡུལ་བཟིན་འདུག། དེ་ལྟར་སྒྲུབ་པར་རྒྱལ་ཁབ་གཉིས་ཀྱིས་རད་འབྱུང་རྒྱུ་ནོར་རྣམས་ཚོང་ལས་སུ་ཤུགས་ཆེ་བེད་སྤྱོད་གཏོང་བར་མུ་མཐུད་གནང་དགོས། རྒྱལ་ཁབ་གཉིས་ཀྱིས་འཕྲུལ་ཆས་དང་མ་འཛུགས་ཟླ་སྦྲེལ་གསར་པའི་ཐོག་མཐིན་འགྱུར་མཉམ་ལམ་ཐུབ་པའི་ཁོར་ཡུག་བསྐྲུན་པར་འབད་བཞིན་ཡོད་འདུག། 

ཕྱོགས་གཉིས་ཀྱི་དམིགས་བསལ་དང་ཁེ་ཕན་ཅན་གྱི་ཕྱི་འབྲེལ་སྲིད་བྱུས་གཏུང་ཟབ་གཏོང་བར་དམག་དོན་དང་ཆེད་ལས་ཀྱི་གནད་དོན་ཐད་མཐུན་འགྱུར་མཉམ་ལས་ནི་ཀ་ན་ལྟ་བུ་ཡིན་པ་ངོས་འཛིན་གནང་འདུག། བསམ་འཚོར་དེའི་ཨ་རིའི་གནོན་ཤུགས་ལ་མ

ལྟོས་པར་ཐོག་རྒྱ་གར་དང་རུས་གཉིས་ཀྱི་དགྲ་བོའི་འཕུར་ལྡེལ་འགོག་པའི་མཚོན་ཆ་མཚན་རྟགས་ S-400 anti-Missile systems རྒྱ་གར་ལ་མཐུན་རྐྱེན་འབྱོར་བའི་དམིགས་བསལ་གྲོས་མཐུན་ཞིབ་བསྡུར་གནང་འདུག། རུས་ནི་རྒྱ་གར་གྱི་དམག་དཔུང་གྱི་ནུས་སྟོབས་གོང་འཕེལ་གཏོང་བར་ཡིད་བརྟེན་འཕེར་ངེས་ཀྱི་ཟླ་རོགས་རྒྱལ་ཁབ་ཞིག་ཡིན་ཞིང་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིཇ་མཉམ་སྦྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་ངོས་སུ་ལང་ཡོད། རུས་ནི་རྒྱ་གར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲིང་སྐྱོབ་ལྷན་ཁང་གུ་གཏན་འཇག་སྐུ་ཚབ་རྒྱལ་ཁབ་བཅུ་ལྔར་དང་རྒྱཔ་ཁབ་༤༨ ལྡན་པའི་ཚེ་མཐོང་ཅན་གྱི་རྡུལ་ཕྲན་མཚོན་ཆ་ཉོ་ཚོང་རྒྱལ་ཚོགས་ཨེན་ཨེས་ཇིར་འཛུལ་ཞུགས་ཐོབ་པའི་རྒྱབ་སྐྱོར་གྲོགས་རྒྱོ་ཁབ་ཞིག་ཆགས་ཡོད། གནས་སྟངས་དེའི་ཐོག་རུས་ཀྱི་ཕྱི་སྲིད་བློན་ཆེན་མཆོག་གི་རྒྱ་གར་གཟིགས་སྐོར་གྱིས་ངོས་གཉིས་བར་གྱི་མཐུན་འགྱུར་མཉམ་ལས་ཀྱི་ལས་གཞི་དང་འབྲེལ་ལམ་གོང་འཕེལ་གཏོང་བའི་གོ་སྐབས་བཟང་པོ་ཡིན་འདུག། རྒྱ་གར་དང་རུས་གཉིས་ཀྱི་འབྲེལ་ལམ་ནི་དུས་དང་བྲལ་ཞིང་མྱུར་དུ་བསྒྱུར་བཞིན་པའི་ཡུཔ་བབ་སྲིད་དོན་གནས་སྟངས་ཐོག་ཕུགས་རེ་ཅན་གྱི་མ་འོངས་པ་ཡོངས་ངེས་ཡིན་འདུག་གོ།