ཝེན་ནམ་ནི་རྒྱ་གར་གྱི་<>ཀྱི་མདོ་འཛིན་པ།

བེད་ནཱམ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་གཞོན་པ་ཐེའི་ནོག་ཐེན་(Dang Thai Ngoc Thinh)གྱིས་རྒྱ་གར་དུ་དངོས་སུ་མཐུས་མི་ཞིག་གི་ཚབ་བྱས་ནས་འཚམས་འདྲིར་ཕེབས་པ་དང་། རྒྱ་གར་གྱི་སྲིད་བློན་གཞོན་པ་སྐུ་ཞབས་བེན་ཁེའུ་ནེའི་ཏོས་དང་མཇལ་འཕྲད་གནང་ཐུབ་པ་རེད། བེད་ནམ་ནི་རྒྱ་གར་གྱི་<<་ཤར་ཕྱོགས་སྲིད་ཇུས་>>དང་རྒྱ་གར་གྱི་དེ་ལས་ཆེ་བའི་རྒྱ་གར་ཞི་བདེ་རྒྱ་མཚོའི་ཐབས་ཇུས་ཀྱི་ཀ་བ་གལ་ཆེན་ཞིག་ཡིན། གཞན་ཡང་ཧ་ནེའི་ནི་ལྡིལི་གསར་པས་CLMV(ཁེམ་པོ་ཀྲི་ཡཱ། ལོའི་སི་PDR འབར་མ་དང་ཝེད་ནམ་)རྒྱལ་ཁབ་ལ་བྱེད་ཐབས་སྤྱོད་པའི་འགག་རྩ་རེད། དེའི་རྒྱུ་མཚན་ནི། དམིགས་ཡུལ་གཙོ་བོ་ནི་ཨེ་ཤ་ཡ་ཤར་ལྷོའི་རྒྱུད་དང་། དཔལ་འབྱོར་དང་འཐབ་ཇུས་ཀྱི་འབྲེལ་བ་རྒྱ་ཆེན་པོ་འཛུགས་རྒྱུ་དེ་ཡིན་པའི་རྐྱེན་གྱིས་རེད།

ཉེ་ཆར་འཚམས་འདྲི་བྱེད་པའི་གཙོ་གནད་ནི། རྒྱ་གར་དང་ཝེད་ནམ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། སྲིད་འཛིམ་གཞོན་པ་Dang Thai Ngoc Thinh་ཡིས་འཚམས་འདྲི་བྱེད་པའི་སྐབས་ཀྱི་བཀྲག་མདངས་འཚེར་ས་ཞིག་ནི། ཐད་གཏོང་རྒྱ་གར་དང་ཝེད་ནམ་གྱི་གནམ་གྲུ་ཁྱབ་བསྒྲགས་བྱས་པ་དེ་རེད། དེ་ལས་གཞན་པ་ལ། ད་རུང་ལྡིལི་ནས་ཝེད་ནམ་གྱི་སྒྲ་རྒྱུན་སྡོད་དོན་གཅོད་ཁང་འཛུགས་པའི་གྲོས་གཞི་ལ་མིང་རྟགས་བཀོད། ཝེད་ནམ་གྱི་སཉརིད་འཛིན་གཞོན་པས་འཚམས་འདྲི་བྱེད་པའི་སྐབས་སུ། ད་དུང་བྱང་བྷོ་ཏི་གྷ་ཡཱ་ལ་འཚམས་འདྲིར་ཕེབས་པ་རེད། 

2016ལོར་སྲིད་བློན་ན་ལེན་ཀྲ་མོའི་ཏིས་Narendra Modi)ཝེད་ནམ་ལ་འཚམས་འདྲི་ལར་ཕེབས་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་ཐབས་ཇུས་མཉམ་འབྲེལ་མཐོ་རུ་བཏང་བ་དང་། དེའི་དམིགས་ཡུལ་ནི། སྒྲིག་སྲོལ་ལ་གཞིགས་པའི་ས་ཁུལ་གྱི་སྒྲིག་ལམ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། ཝེད་ནམ་གྱིས་རྒྱ་གར་གྱི་<<་ཤར་ཕྱོགས་སྲིད་ཇུས་>>ལ་དགེ་མཚན་ལྡན་པའི་རྣམ་འགྱུར་བཟུང་བ་མ་ཟད། རྒྱ་གར་གྱིས་ས་ཁོངས་ཀྱི་གནད་དོན་ཐད་ནུས་པ་ཆེན་པོ་འདོན་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱི་འགོག་སྲུང་དང་། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ས་ཁོངས་ཀྱི་གླེང་སྟེགས་ཐོག་མཉམ་ལས་བྱས་པ་ཕུད། ད་དུང་མཐོ་རིམ་ཕན་ཚུན་འཚམས་འདྲི་དང་། ཞབས་ཞུ་མཉམ་ལས། མཚོ་དམག་གྲུ་གཟིངས་ཕན་ཚུན་འགྲོ་འོང་། སྦྱོང་བརྡར་དང་ནུས་པ་འཛུགས་སྐྲུན། རྒྱལ་སྲུང་སྒྲིག་ཆས་ཉོ་སྒྲུབ་དང་དེ་བཞིན་ལག་རྩལ་བཤུག་སྤྲོད་བཅས་བྱས་ཡོད། རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་ཐོག་ཨེ་ཤ་ཡ་ཤར་མའི་དབུ་ཚོགས་དང་། མའེ་ཀུང་གཙང་པོའི་ཧིན་ཧོ་མཉམ་ལས། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་ཚོགས་པ་བཅས་བསྣན་པ་རེད།

རྒྱ་གར་གྱིས་2016ལོའི་ཨ་སྒོར་ས་ཡ་500ཡི་རྒྱལ་སྲུང་ཡིད་རྟོན་དངུལ་བུན་གྱི་གྲངས་ཀ་ཇེ་མང་དུ་བཏང་། Larsen&Toubroདང་། ཝེད་ནམ་མཐའ་སྲུང་དམག་བར་དུ། རྒྱལ་སྲུང་ཡིད་རྟོན་དངུལ་བུན་གྱི་གྲངས་བཅད་བཀོལ་སྤྱོད་བྱེད་པའི་མཚོ་ཐོག་མྱུར་བགྲོད་སྐོར་ཞིབ་གྲུ་གཟིངས་ཀྱི་གན་རྒྱ་བཞག གཞན་ཡང་རྒྱ་གར་གྱིས་ཨ་སྒོར་ས་ཡ་ལྔ་ཡི་ཞལ་འདེབས་འབུལ་རྒྱུའི་ཁས་ལེན་བྱས་པ་དང་། ཡ་ཀྲོང་གློག་འཕྲིན་སློབ་ཆེན་དུ་སྐམ་དམག་མཉེན་ཆས་གླིང་ཞིག་བསྐྲུན་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། དེ་མིན་རྒྱལ་ཁབ་གཉིས་ཀྱི་མཚོ་འགྲམ་ཉེན་རྟོག་རུ་ཁག་བར་ན། རྒྱལ་ཁོངས་ལས་བརྒལ་བའི་ཉེས་ཅན་ལ་འཐབ་རྒོལ་གཏོང་བའི་བསམ་ཤེས་ཟིན་ཐོ་ཞིག་ཡོད། དེ་མིན་ཝེད་ནམ་སྤྱི་སྤྱོད་བདེ་འཇགས་སྡེ་ཁག་དང་། རྒྱ་གར་གློག་རྡུལ་ཆ་འཕྲིན་ལག་རྩལ་སྡེ་ཁག་བར་ལ་དྲ་རྒྱའི་བདེ་འཇགས་ལ་བསམ་ཤེས་ཀྱི་ཞུ་ཁྲ་(MoU)ཞིག་བཞག་ཡོད་པ་རེད། 

རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ཕུད་དཔལ་འབྱོར་མཉམ་ལས་ནི། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཀ་རྟེན་གལ་ཆེན་ཞིག་ཡིན། རྒྱ་གར་ནི་ཧི་ནེའི་ཉོ་ཚོང་གྲོགས་པོ་ཆེན་པོ་བཅུའི་གྲས་ཤིག་ཡིན། ཨེ་ཤ་ཡ་ཤར་ལྷོའི་མཉམ་འབྲེལ་ནང་ཁུལ་དུ། ཝེད་ནམ་ནི་རྒྱ་གར་གྱིས་ཕྱིར་གཏོང་བྱེད་ས་ཨང་གཉིས་པ་དེ་ཡིན་པ་དང་། དེ་ནས་སིང་ཀ་ཕོར། ཨེན་ཀྲི་ཉི་ཞི་ཡ། མ་ལེ་ཞི་ཡ་བཅས་ནི་ཉོ་ཚོང་མཉམ་རོགས་ཆེན་པོའི་ཨང་རིམ་བཞི་པ་དེ་ཡིན་པ་རེད། གཙོ་གནད་དེ་ལྷག་པར་དུ་ཁྱབ་ཁོངས་གལ་ཆེན་ལྔར་འཇོག་དགོས་པ་སྟེ། གྱོན་ཆས་དང་འཁེལ་འཐག་ཐོན་རྫས་དང་། སྨན་རྫས། ཞིང་ལས་ཐོན་རྫས། ཀོ་བ་དང་ལྷམ་རིགས་དང་དེ་བཞིན་ལས་གྲྭ་བཅས་ཚུད་ཡོད།

ཡ་གླིང་ཤར་ལྷོའི་འཕེལ་རྒྱས་ཆེས་མགྱོགས་པའི་དཔལ་འབྱོར་མ་ལག་གི་གྲས་ཤིག་ཡིན་པའི་ཆ་ནས། ཝེད་ནམ་གྱིས་རྒྱ་གར་ལ་གོ་སྐབས་མང་པོ་ཞིག་འདོན་སྤྲོད་བྱས་སོང་། རྒྱ་གར་གྱིས་ནུས་པའི་འབྱུང་ཁུངས་དང་། གཏེར་རྫས་རྩད་ཞིབ། ཞིང་ལས་ལས་སྣོན། མངར་ཆ་བཟོ་བའི་ལས་རིགས། ཞིང་སྨན། ITརླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་སོགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་བཏང་ཡོད། ཝེད་ནམ་གྱིས་རྒྱ་གར་གྱི་རྩོད་གླེང་ཡོད་པའི་རྒྱ་ནག་གི་ལྷོ་རྒྱ་མཚོའི་མ་རྩ་གཏོང་བར་དགའ་བསུ་བྱེད། ONGC-Videsh ཡིས་ཝེད་ནམ་གྱི་ཐན་ཆིང་འདྲེས་འགྱུར་རྫས་རྩད་ཞིབ་ཁུལ་དུ་མ་རྐང་ཡོད་པ་དང་། དེའི་ནང་ཐོན་སྐྱེད་གླིང་6.1དང། Phu Khanh མཚོ་ཉེའི་གཤོང་སའི་རྩད་ཞིབ་རྒྱུ་ནོར་དང་གླིང128ཚུད་ཡོད། ONGC ཕུད་པའི་ཀྲ་ཀྲ་གློག་ཤུགས། རི་ལཱེན་སཱི་བཟོ་གྲྭ། ༼Gimpex༽ JK Tyres དང་༼Glenmark སྨན་ཚོང་ཚད་ཡོད་སྡེ༽ནང་དུ་འདུས་པའི་རྒྱ་གར་གྱི་ཚོང་སྡེ་ཁ་ཤས་ཀྱིས་ཀྱང་ཝེད་ནམ་ནས་ཚོང་ལས་གོ་སྐབས་འཚོལ་བཞིན་ཡོད།

རྒྱ་གར་དང་ཝེད་ནམ་གྱི་ཐབས་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ལོ་རྒྱུས་ནི་ལོ་རྒྱུས་ལ་ཁུངས་འདེད་བྱས་ཆོག 1954ལོར་པན་ཊི་ཏཱ•ཅ་ཝ་ཧ་ལར་•ནེའི་རེའུ(Pandit Jawaharlal Nehru)ནི། ཝེད་ནམ་གྱིས་ ཧྥ་རན་སི་ཏན་པེན་ཧྥུ་(Dien Bien Phu)་ལ་ཕམ་པར་བརྒྱབ་རྗེས།ཝེད་ནམ་ལ་ཡུལ་སྐོར་དུ་ཕེབས་མཁན་ཁྲོད་ཀྱི་མི་སྣ་ཐོག་མ་དེ་རེད་འདུག དེ་རྗེས་སྲིད་འཛིན་ཧོ་ཅི་མིན་(རྒྱ་གར་དུའང་༼ཨ་ཁུ་ཧོ་ལ༽་བརྩི)། 1958ལོར་རྒྱ་གར་ལ་འཚམས་འདྲིར་ཕེབས་ཡོད་པ་རེད། དེ་རྗེས་རྒྱ་གར་གྱི་སྲིད་འཛིན་དང་པོ་ར་ཅིན་ཏིའི་རཱ•པར་སཱད(Rajendra Prasad)1959ལོར་ཝེད་ནམ་ལ་འཚམས་འདྲིར་ཕེབས། དེའི་རྗེས་སུ།མཐོ་རིམ་གྱི་མི་སྣ་ཚོ་ཕེབས་འགོ་བཙུགས་པ་དང་། དུས་དེ་ནས་བཟུང་མཉམ་འབྲེལ་ཡང་སྲ་བརྟན་དུ་ཕྱིན། 

ཝེད་ནམ་ནི་རྒྱ་གར་གྱི་<<ཤར་ཕྱོགས་སྲིད་ཇུས་>>ཀྱི་སྲོག་ཤིང་ཡིན་པའི་དབང་གིས། རྒྱ་གར་གྱིས་མུ་མཐུད་མ་དངུལ་བཏང་ནས། རྒྱ་གར་དང་ཝེད་ནམ་གྱི་ཕྱོགས་ཡོངས་ཀྱི་ཐབས་ཇུས་མཉམ་དུ་འབྲེལ་བ་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་སྟེ། ལོ་རྒྱུས་ཀྱི་ཤུགས་རྐྱེན་ལ་བསམ་གཞིགས་བྱས་ནས། ཐུན་མོང་གི་ས་ཁོངས་དང་གོ་ལ་ཧྲིལ་པོའི་དམིགས་ཚད་ལ་བསམ་གཞིགས་བྱེད་པ་མ་ཟད། དེ་བས་རྒྱ་ཆེ་བའི་རྒྱ་གར་གྱི་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ། རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ས་བབ་ཀྱི་ཐབས་ཇུས་འཕེལ་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་སོང་ཡོད།