ཀོ་རི་ཡའི་ཉེ་བའི་གླིང་ཕྲན་དུ་དངངས་འཚབ་ཇེ་ཆེར་སོང་བཞིན་པ།

མ་ཟིན། ཨ་ཤོཀ་སཱ་ཇེན་ཧར། རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཟུར་པ་དང་རྒྱལ་སྤྱིའི་སློབ་གཉེར་བལྟི་གནས་ཁང་གི་ཚོགས་གཙོ།

གཟའ་འཁོར་འདིའི་ནང་བྱང་ཀོ་རི་ཡས་ངོས་འཛིན་མི་ཐུབ་པའི་འཕུར་མདེལ་གསུམ་འཕེན་བཞིན་ཀིམ་ཇོང་ཨུན་སྲིད་དབང་འོག་གཟའ་འཁོར་གཉིས་ནང་བྱ་སྤྱོད་དེ་ལྟ་བུ་ཐེངས་གཉིས་པ་ཆགས་ཡོད་འདུག། ད་ལན་གྱི་འཕུར་མདེལ་འཕེན་ལས་དེ་ནི་བྱང་ཀོ་རི་ཡའི་དེ་སྔོན་དམག་སྦྱོང་དང་མཚོན་བྱ་བརྟག་དཔྱད་བྱེད་པར་རྒྱལ་སྤྱིའི་ཉེས་འཛུགས་བྱས་པའི་ཡ་ལན་དུ་ཉེན་བརྡ་ཤུགས་ཆེན་བཏང་བའི་བྱ་ལས་ཡིན་འདུག། ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་མཆོག་གིས་བྱང་ཀོ་རི་ཡའི་ཤར་ཕྱོགས་མཚོ་ཁ་ནས་ཉེ་ཧོང་དང་ཀོ་རི་ཡའི་ཉེ་བའི་གླིང་ཕྲན་གཉིས་ཀྱི་མཚོ་དཀྱིལ་དུ་རྒྱང་ཚད་ཐུང་བའི་འཕུར་མདེལ་འདྲ་མིན་འཕེན་པ་ཤེས་རྟོགས་བྱུང་བ་འགྲེལབརྗོད་གནང་འདུག། འཕུར་མདེལ་དེ་ཚོའི་འཕུར་ཚད་མང་མཐའ་རྒྱང་ཚད་ཀི་ལོ་མོ་ཊར་༢༠༠ དང་མཐོ་ཚད་མང་མཐའ་ཀི་ལོ་མི་ཊར༥༠ ཡིན་འདུག། ལྷོ་ཀོ་རི་ཡའི་དམག་དཔུང་གིས་འཕུར་མདེལ་དེ་ཚོ་ཤེས་བཞིན་ཐོག་འཕུར་མདེལ་ད་དུང་འཕེན་སྲིད་པཏ་གྲ་སྒྲིག་ཆ་ཚང་ཐད་བྱ་ར་བྱེད་པབརྗོད་འདུག། ད་དུང་འཕུར་མདེལ་འཕེན་ལས་དེ་ཚོས་ཕྱི་ལོ་༣༠༡༨ ལོར་ཀོ་རི་ཏའི་ཉེ་བའི་གླིང་ཕྲན་དུ་དམག་འབྲེལ་དངངས་འཚབ་ཞི་སླད་མུ་མཐུད་གནང་བའི་གྲོས་མཐུན་ལས་འགལ་ན་ཡིན་པ་འགྲེལ་བརྗོད་གནང་འདུག། བྱང་ཀོ་རི་ཡའི་གསར་འགོད་ཁང་གིས་སྐུ་ཞབས་ཀིམ་མཆོག་གིས་གྲོས་མཐུན་གངཡང་མཚན་རྟགས་མུ་མཐུད་མ་བྱུང་བའི་ཨ་རིའི་སྲིད་འཛིན་གྲོ་ནལ་ཊ་རམ་ལྷན་དུ་ཆེས་མཐོའི་གྲོས་མོལ་ལེགས་པར་གནང་བའི་ལོ་གཅིག་འཁོར་བའི་དུ་ཆེན་དུ་ཕྱི་ཟླ་གཉིས་པའི་ཚེས་༢༨ ནས་འགོ་འཛུགས་བྱུང་བའི་དམག་སྦྱོང་གི་ཆ་ཤས་ཡིན་པ་འགྲེལབརྗོད་གནང་འདུག། ད་བཞིན་བྱང་ཀོ་རི་ཡས་ཤར་ཕྱོགས་མཚོ་ཁ་གྲོང་ཁྱེར་ཝོན་སེན་ནས་ངོས་འཛིན་མ་ཐུབ་པའི་རྒྱང་ཚད་ཐུང་ངུའི་འཕུར་མདེལ་གཉིས་འཕེན་འདུག། ཨ་རིས་འཕུར་མདེལ་འཕེན་པ་རྣམས་གློ་བུར་དུ་བྱུང་བའིགནས་སྟངས་མིན་ཞིང་ལྷོ་ཀོ་རི་ཡ་དང་ཉེ་ཧོང་གཉིས་ལྷན་དུ་མུ་མཐུདཞིབ་ཚག་ཐོག་མོ་ནི་ཊར་གནང་རྒྱུ་ཡིན་བཅས་བརྗོད་འདུག། དེ་བཞིན་ཨ་རིས་ལྷོ་ཀོ་རི་ཡར་འཁྲུག་རྐྱེན་ལས་འཛེམ་སྟེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གྲོས་གཞིར་སྲུང་བརྩི་བྱེད་དེ་ཀོ་རི་ཡའི་ཕྱེད་གླིང་དུ་རྡུལ་ཕྲན་མཚོན་ཆ་མེད་པ་བཟོས་པའི་ལས་གཞིར་རྒྱུན་འཛིན་ཐུབ་པ་དང་གྲོས་འཇགས་ལ་བཞུགས་པར་འབོད་འདུག། ཉེ་ཧོང་གིས་ལྷོ་ཀོ་རི་ཡའི་འཕེན་པའི་འཕུར་མདེལ་དེ་བྷེ་ལེས་ཊིཀ་སྒྱོགས་མདེལ་འདྲ་བར་ཡིན་པ་བརྗོད་ཀྱང་དེས་ཉེ་ཧོང་གི་ས་ཁུལ་དང་མཚོ་ཐོག་ཚོང་ལས་ཀྱི་ལམ་ཨི་ཨི་ཛིར་ཧམ་འཛུལ་མེད་པ་འགྲེལ་བརྗོད་གནང་ཡང་འཕེན་ཀས་དེས་ཉེ་ཧོང་དང་དེའི་ས་ཁུལ་གྱི་ཞི་བདེ་དང་ཉེན་སྲུང་ལ་ཉེན་ཁ་བཟོས་པ་བརྗོད་འདུག།

ཉེ་ཆར་གྱི་འཕུར་མདེལ་འཕེན་ལས་དེ་ཟླ་བ་གཉིས་མ་ཟིན་ཙམ་རིང་ལྷོ་ཀོ་རི་ཡའི་དེ་འདྲ་བའི་བྱེད་ལས་བར་མཚམས་འཇོག་རྗེས་བྱུང་འདུག། བྱང་ཀོ་རི་ཡའི་སྔ་ལོ་༢༠༡༩ ལོར་ཨ་རིའི་ལྷན་དུ་གྲོས་མོལ་དགག་སྐབས་འཕུར་མདེལ་༡༣ འཕེན་སྦྱོང་གནང་ཡང་ཨ་རིའི་ཊ་རམ་གཞུང་ལ་དངངས་འཚབ་སླང་བའི་གླིང་ཆེན་ཕན་ཚུན་གྱི་རྒྱང་ཚད་ཅན་གྱི་འཕུར་མདེལ་ཅིའང་འཕེན་མེད་འདུག། སྲིད་འཛིན་ཊ་རམ་མཆོག་གིས་ཕྱི་ལོ་༢༠༡༩ ལོའི་འཕུར་མདེལ་འཕེན་པ་རྣམས་སྤྱིར་བཏང་ཅན་དུ་ངོས་འཛིན་གནང་སྟེ་དེས་ཨ་རིའི་ཀམ་ས་ཆེན་པོར་ཐད་ཀར་ཉེན་ཁ་གང་ཡང་མེད་པ་འགྲེལ་བརྗོད་གནང་ཡང་མཚོན་ཆ་དེ་ཚོས་ལྷོ་ཀོ་རི་ཡ་དང་དེར་རྟེན་གཞི་ཨ་རིའི་དམག་དཔུང་གྲངས་༢༨༠༠༠༠ ལ་ཉེན་ཁ་ཡོདའདུག། དེ་སྔོན་སྐུ་ཞབས་ཀིམ་གྱིས་ཨ་རི་ལ་ཀོ་རི་ཡའི་ཕྱེར་གླིང་དུ་རྡུལ་ཕྲན་མཚོན་ཆ་མེད་པ་བཟོས་པའི་གྲོས་མོཔ་དགག་པ་རྣམས་ལོ་འཇུག་བར་བསྐྱར་དུ་འགོ་འཛུགས་གནང་བའི་ཉེན་བརྡ་གཏོང་འདུག། དུས་བཀག་དེ་རྗོགས་རྗེས་ཨ་རིའི་ངོས་ནས་བྱེད་ལས་གང་ཡང་མ་སྤེལ་རྗེས་ཀིམ་གྱིས་ལོ་གསར་སྐབས་རང་རྒྱལ་གྱི་རྡུལ་ཕྲན་མཚོན་ཆ་བཟོད་བཀོད་དང་ཚོད་ལྟ་ལ་མུ་མཐུད་གནང་རྒྱུ་ཡིན་པ་བརྗོད་འདུག། ད་དུང་ཉེ་བའི་འབྱུང་འགྱུར་དུ་དམག་དོན་མཚོན་ཆ་གསར་པ་ཤིག་སྟོན་པ་ཡང་ཁས་ལེན་གནང་འདུག། མཁས་པ་ཚོས་དམག་དོན་མཚོན་ཆ་དེ་གླིང་ཆེན་ཕན་ཚུན་བར་སྙོབ་ཚད་ཀྱི་བྷེ་ལེས་ཊིཀ་འཕུར་མདེལ་ལམ་མཚོ་འོག་གི་གྲུ་ནས་འཕེན་ནུས་པའི་བྷེ་ལིས་ཊིཀ་སྒྱོགས་མདེལ་ཡིན་པ་ཡིད་ཆེས་བྱེད་བསྡད་ཡོད། མཚོན་ཆ་ཚོད་ལྟ་གསར་ཤོས་དེ་ཚོས་སྔར་གྱི་ཁས་ལེན་བཞིན་དམག་དོན་མཚོན་ཆ་གསར་པ་སྟོན་པ་དང་མཚུངས་ཀྱི་མེད་པ་ཡིན་འདུག། བྱངཀོ་རི་ཡའི་དམག་དོན་བྱེད་ལས་ཕལ་མོ་ཆེ་རང་རྒྱལ་དང་ཕྱི་རྒྱལ་དུ་སྲིད་དོན་ཤུགས་རྐྱེན་མང་མཐའ་ཡོངས་སླད་ཡིན། རང་རྒྱལ་གྱི་མང་ཚོགས་སུ་ཀིམ་གྱིས་ཕྱི་རྒྱལ་ཉེན་ཁ་བྱུང་སྐབས་རང་རེའི་ནུས་སྟོབས་སྟིན་ཞིང་རྒྱལ་སྤྱིིའི་སྡིངས་ཆར་རང་རེའི་མིང་སླེབས་ཐབས་ཡིན་འདུག། ད་ལྟའི་ཆར་ལྷོ་ཀོ་རི་ཡ། ཉེ་ཧོང་དང་ཨ་རི་གསུམ་ཏོག་དབྱིབས་རིམས་ནད་ཁྱབ་པར་ཁ་གཏད་གཅོགཞིངལྷོ་ཀོ་རི་ཡའི་སྡིགས་ར་ལ་ཡ་ལན་གནང་བའི་དུསཚོང་མེད་པ་ཡིན་འདུག། ཞི་ལྷིང་དང་ཉེན་མེད་ཅན་གྱི་ཀོ་རི་ཡའི་ཕྱེད་གླིང་དང་ཉེ་ཧོང་མཚོ་ནི་རྒྱ་གར་གྱི་རྒྱལ་འབྲེལ་ཁས་ཕན་ལ་ཤིན་ཏུ་གལ་ཆེ་ཡིན། དེ་དག་ནི་རྒྱ་གར་ཞི་བདེ་རྒྱ་མཚོའི་ཐབས་བྱུས་འགོག་མེད་ངང་མདུན་བསྐྱོད་གནང་བར་གལ་ཆེ་ཆགས་སོ།