དབུས་གཞུང་དང་མངའ་སྡེ་གཉིས་ཟུང་བྲེལ་གྱིས་དགོས་ངེས་ཚོང་ཟོག་གལ་ཆེན་མཐུན་རྐྱེན་སྦྱོར་རྗེས་ཁོང་རྣམས་གཉིས་ལྷན་དུ་ལས་ཀ་གནང་བའི་སྐོར།

སྲིད་བློན་མོ་དེ་མཆོག་གི་གསུངས་ཡ་ལ་ཉིན་གྲངས་ ༢༤ རིང་གི་ཚེ་བཀག་སྐབས་གལ་ཆེན་གྱི་ཚོང་ཟོག་ཡང་ན་ཟ་ཆས་རིགས་མཐུན་རྐྱེན་གནང་བའི་སྐོར་བརྗོད་འདུག་ དེ་ཡང་སྤྱི་ཚོགས་དྲ་རྒྱ་ Twitter ཞེས་པའི་ནང་ཁོང་གི་ཡོངས་རྫོགས་དངངས་སྒྲག་སྐྱེས་དགོས་པའི་དལ་གནད་མེད་པ་གསལ་བསྒྲགས་གཏོང་འདུག་ ཁོང་གི་གསུངས་ཡ་ལ་དབུས་གཞུང་དང་སྲིད་གཞུང་གི་མངའ་སྡེ་འདྲ་མིན་ཁག་གལ་ཆེན་དགོས་ངེས་མཐུབ་རྐྱེན་སྦྱར་བའི་ཆེད་ཁོང་རྣམས་ཟུང་བྲེལ་ངང་འབད་རྩོན་ཞུ་བཞིན་ཡོད་པ་མ་ཟད་མི་མང་ཚོ་ལ་ཚོང་ཁང་སོགས་ཀྱི་ཉེ་འགྲམ་དུ་སྐྱོད་པ་དེ་བཞིན་ནད་ཡམས་དེ་ཁྱབ་གདལ་རུ་ཕྱིན་པའི་སྐོར་ཡང་གསུངས་འདུག  དེ་དང་མཚུངས་ཁོང་གི་གསུངས་ཡ་ལ་ང་ཚོའི་མཉམ་རུབ་ངང་ནད་ཡམས་ covid 19 ཆེད་ཐབས་འཛིངས་བྱས་ཏེ་ང་ཚོའི་རྒྱལ་ཁབ་དེ་བདེ་པོ་ཐང་པོ་ཞིག་བཟོ་དགོས་པ་བརྗོད་འདུག