COVID-19 རྒྱ་གར་སྲིད་གཞུང་གི་ཏོག་དབྱིབས་ནད་ཡམས་་(COVID -19)་འཐབ་འཛིངས་ཆེད་རྒྱལ་ནང་ཡོངས་རྫོགས་ལ་ཉིན་གྲངས་ ༢༤ རིང་ཡོངས་སུ་དམིགས་འཛིན་བྱ་དགོས་པའི་གསལ་བསྒྲགས་བཏོང་བ།

སྲིད་གཞུང་གི་ཁྱབ་གདལ་འགྲོ་གཞིན་པའི་ནད་ཡམས་ covid 19 ་དེ་བཞིན་འཐབ་འཛིན་ཆེད་རྒྱལ་ནང་ཡོངས་རྫོགས་ལ་ཉིན་གྲངས་ ༢༤རིང་ཡོངས་སུ་དམིགས་འཛིན་སྤེལ་ཡོད་པའི་གསལ་བསྒྲགས་གནང་འདུག དི་ཡང་ཁེ་སང་ནམ་གུང་དུ་ནུས་པ་ཐོན་ཡོད་པ་དེ་བཞིན་འགྲོ་ལམ། རེ་ལི་ལྕགས་ལམ་དང། འཁའ་འགྲུལ་ཞབས་ཞུ་སོགས་གནས་སྐབས་རིང་ཚད་བཀག་སྐབས་ཚམ་འཇོགས་ཞུ་ཡོད་པ་འཁོད་འདུག དེ་དང་མཚུངས་ཟོང་འདྲེན་འགུལ་རྣམས་དང་ཚོང་ཟོག་གལ་ཆེ་རྣམས་འོར་འདྲེན་བྱེད་པའི་ཆེད་མུ་མཐུད་རྒྱལ་ནང་དུ་བཀོད་རྒྱུ་ཡིན་པ་རེད། གལ་ཆེན་ཚོང་ཟོག་ཆ་མཚོན་པ་ན། སྨན་རིགས་ཚོང་ཁང། རླངས་སྣུམ་ཕུམ། དེ་མ་ཟད་དགུ་འཛོམས་ཚོང་ཁང། འོ་མའི་ཚོང་བཤམས་དང་། དྲ་ཐོག་དུ་མངགས་ཉོ་བྱེད་པ་སོགས་ཚད་བཀག་མེད་པ་རེད། དེ་ཡང་སྲིད་བློན་ Modi མཆོག་གི་ནད་ཡམས་དེ་བཞིན་ཐབས་འཛིངས་ཆེད་དབུས་ནས་དངུལ་དུང་ཕྱུར་ ༡༥༠༠༠། འཕྲོད་བསྟེན་རྨང་གཞི་སྒྲིག་བཀོད་ཡར་སྒྱས་གཏོང་བཌྷི་ཆེད་གྲོ་གོན་བཏོང་ཡ་ཡིན་སྐོར་གསལ་བསྒྲགས་གནང་འདུག དེ་དང་མཚུངས་སྲིད་བློན་མོ་ལྡི་མཆོག་གི་རྒྱལ་ནང་དུ་གཟའ་འཁོར་གཅིག་ཙམ་མི་ཉུང་བྲི་གཏམ་བཤད་གནང་བའི་སྐབས་ཁོང་གི་གསུངས་ཡ་ལ་རགྱལ་ཁབ་གྱི་མི་རིགས་དེ་བཞིན་ནད་ཡམས་དེ་ནས་སྐྱོབ་པས་ཕྱིར་མི་མང་ཚོར་རང་ཁྱིམ་ནས་ཕྱི་ལོག་མི་དོན་པའི་བཀག་འགོག་ཐར་ཕྱིན་པ་གནང་སྐོར་བརྗོད་འདུག དེ་མ་ཟད་བས་ཁོང་གི་ཤོག་བྱང་ཞིག་ནང་ སུ་ཀྱང་ཕྱི་ལོག་འགྲོ་ལམ་དུ་བསྐྱོད་མི་མཆོག་བཅས་བཀོད་ཡོད་པ་དེ་བཞིན་མི་མང་ལ་སྔོན་པར་སྟོན་ཡོད་པ་རེད། སྲིད་བློན་མོ་ལྡི་མཆོག་གི་གསུངས་ཡ་ལ་ཚེ་བཀག་དེ་བཞིན་རྒྱལ་ནང་གི་མངའ་སྡེ་ཡོངས་རྫོགས་དང་དབུས་ས་ཁུལ་ རྫོང་ཁོངས་ གྲོང་སགསེབ་ མོ་ཧལ་དང་འགྲོ་ལམ་བཅས་ཡོངས་རྫོགས་བཀག་ཡོད་་རེད། དེ་དང་མཚུངས་ཁོང་གི་ཚེ་བཀག་དེ་བཞིན་ཕྱིར་སྐྱོད་བཀག་སྡོམ་དང་འདྲ་ཡིན་པ་མ་ཟད་དེ་ནི་ཇན་ཏ་ཕྱི་སྐྱོད་བཀག་བསྡོད་ལས་ནན་པ་ཡིན་སྐོར་བརྗོད་འདུག དེ་མ་ཟད་ཁོང་གི་ཕྱིར་སྐྱོད་བཀག་སྡོམ་བཀའ་ཁྱབ་དེ་བཞིན་རྒྱལ་ནང་དུ་ཡོད་པའིམགོ་སྲིད་བལོན་ནས་འོག་འབངས་མི་སེར་ཡོངས་རྫོགས་ལལག་ལྟར་གནང་དགོས་པ་བརྗོད་འདུག་ ཁོང་གི་གསུངས་ཡ་ལ་གལ་ཏེ་ང་ཚོའི་ཉིན་གྲངས་ ༢༤ དེ་བཞིན་བཏང་འཛིན་ལེགས་པོ་མི་གནང་ཚེ་ང་ཚོའི་རྒྱལ་ཁབ་དང་ཁྱེད་ཚོའི་ནང་མི་ཡོངས་རྫོགས་ཕྱིར་རྒྱབ་ལོ་ ༢༤ འགྲོ་སྲིད་པ་རེད། དེ་མ་ཟད་ཁོང་གི་དོ་ནོན་པོའི་ངང་བློ་བུར་དུ་ཆར་བའི་ནད་ཡམས་ཀོ་རོ་ན་ཝེ་རེས་བཀག་སྡོམ་དང་འབྲེལ་ཐག་བཅོད་ལེགས་པོ་ཡོང་བའི་ཚད་གཞི་གཏན་པོ་བཟུང་དགོས་པ་བརྗོད་འདུག