རྒྱ་གར་གྱི་གསར་འགྱུར་དང་རླུང་འཕྲིན་ལས་དོན་བློན་ཆེན་ Prakash Javadekar གྱིས་རྒྱལ་ཁབ་དེས་སྤྱི་ཚོགས་རླུང་འཕྲིན་དྲ་རྒྱ་རྒྱ་བསྐྱེད་བཏང་རྒྱུ་ཡིན་ཞེས་གསུངས་འདུག

གསར་འགྱུར་དང་རླུང་འཕྲིན་ལས་དོན་བློན་ཆེན་  Prakash Javadekar གྱིས་སྤྱི་ཚོགས་རླུང་འཕྲིན་དེ་ཉིད་ནི་སྡེ་ཁུལ་ཞིག་དང་འཕོ་འགྱུར་ལ་སྐུལ་འདེད་གཏོང་མཁན་ཞིག་རེད།གསར་འགྱུར་དང་རླུང་འཕྲིན་ལྷན་ཁང་གིས་མི་རིང་བར་འཆར་གཞི་ཞིག་བཏོན་ནས་རླུང་འཕྲིན་དེ་རིགས་ཀྱི་གྲངས་འབོར་མང་དུ་གཏོང་རྒྱུ་རེད་ཅེས་བཤད་ཡོད་འདུག

བློན་ཆེན་ Javadekar གྱིས་རྒྱ་གར་སྤྱི་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་བརྒྱུད་སྡེ་ཁུལ་སྤྱི་ཚོགས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཉན་མཁན་ཡོངས་ལ་སྲིད་གཞུང་གིས་སྡེ་ཁུལ་སྤྱི་ཚོགས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བརྡ་སྟོན་དུས་ཚོད་དེ་ཆུ་ཚོད་རེར་སྐར་མ་ 7 ནས་སྐར་མ་ 12 བར་མང་དུ་བཏང་ནས་དེ་ཉིད་བརྙན་འཕྲིན་འཕྲིན་ལམ་དང་གཅིག་མཚུངས་ཡོང་བ་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་འདུག

སྡེ་ཁུལ་གྱི་སྤྱི་ཚོགས་རླུང་འཕྲིན་ལས་ཁུངས་ཀྱིས་ཁོ་ཚོའི་ལས་སྟེགས་ཐོག་ནས་རླུང་འཕྲིན་གསར་འགྱུར་གྱི་འགག་རྩའི་དགོས་མཁོར་དམིགས་ནས་བློན་ཆེན་མཆོག་གིས་ཁོང་གིས་བསམ་གཞིག་གནང་རྒྱུའི་འགན་ལེན་གནང་པ་རེད། ཁོང་གིས་བརྙན་འཕྲིན་ལས་ཁུངས་ཁག་ལ་ས་གནས་དེ་གའི་ཆ་འཕྲིན་ཡོང་ཁུངས་བརྒྱུད་གསར་འགྱུར་རྫུས་མར་ཞིབ་བསྡུར་བྱས་ནས་གསར་འགྱུར་རྫུས་མར་རྡུང་རྡེག་གཏོང་བའི་ཐད་འགག་རྩའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་་རླུང་འཕྲིན་སོ་སོ་དང་རྒྱ་གར་སྤྱི་ཡོངས་རླུང་འཕྲིན་ཁང་གིས་ཀུན་ཁྱབ་སྤྱི་ཚོགས་རླུང་འཕྲིན་ལས་ཁུངས་ཁག་གདན་འདྲེན་ཞུས་ནས་དོན་དངོས་ཀྱི་ཤུགས་རྐྱེན་ཁྱབ་ཁོངས་རྒྱ་བསྐྱེད་བཏང་རྒྱུ་ཡིན་ཞེས་གསུངས་འདུག