རྒྱ་གར་གྱི་གསོག་འཇོག་དབུས་དངུལ་ཁང་གིས་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་ཤུགས་ཆེན་བཏང་བ་དང་འབྲེལ་དངུལ་བུན་འཇལ་དུས་ཕྱིར་འགྱངས་ཟླ་བ་གསུམ་བྱས་ནས་དཔལ་འབྱོར་འཕར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

རྒྱ་གར་དབུས་་དངུལ་ཁང་ཆེན་མོས་གཟའ་འཁོར་གོང་མའི་རེས་གཟའ་པ་སངས་ཉིན་ཕྱིར་ཉོའི་སྐྱེད་ཚད་གནས་40དམའ་རུ་བཏང་ནས་4.4%ནས་4%བར་ཆག་པ་དང་ཕྱིར་ཉོའི་སྐྱེད་ཚད་3.35%བར་ཆག་ནས་ལྷུག་པའི་ལངས་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། རྒྱ་གར་གྱི་དབུས་དངུལ་ཁང་ཆེན་མོའི་ལས་འཛིན་  Shaktikanta Das ཀྱིས་སྨྱན་སྦྱོར་ལ་གཏམ་བཤད་སྤེལ་སྐབས་ཁོངས་མི་6ལས་གྲུབ་པའི་དངུལ་ལོར་སྲིད་ཚོགས་ཚུང་གིས་5:1 གི་འདེམས་ཤོག་འཕངས་འབྲས་ཐོག་ནས་སྐྱེད་ཀ་དམའ་རུ་གཏོང་རྒྱུའི་གཞི་འཛིན་ས་ 40 ལ་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།

ཁོང་གིས་རྒྱ་གར་གྱི་གྲབས་གསོག་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་བྱ་ཐབས་རིགས་བཞི་ལ་དབྱེ་ཆོག་པ་སྟེ།     ཁྲོམ་རའི་འཁོར་སྐྱོད་ལེགས་སུ་གཏོང་བ་དང་ཕྱིར་གཏོང་ནང་འདྲེན་ལ་རྒྱབ་སྐྱོར་བྱས་ནས་བུ་ལོན་གྱི་ངོ་སྐྱེད་ཆག་ཡང་དང་    རྩ་ཆག་གཏོང་རྒྱུ་དང་འཁོར་རྒྱུག་མ་དངུལ་དེ་བས་ལེགས་པའི་སྒོ་ནས་ཐོབ་པ་བྱས་ཏེ་ནོར་སྲིད་ཀྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་རྒྱུ་དང་      དེ་བཞིན་མངའ་སྡེའི་སྲིད་གཞུང་ལ་འཕྲད་པའི་ནོར་སྲིད་ཀྱི་དཀའ་ངལ་ཆུང་དུ་གཏོང་རྒྱུ་དེ་རེད་ཅེས་བཤད་པ་རེད།

རྒྱ་གར་གྲབས་གསོག་དབུས་དངུལ་ཁང་ཆེན་མོས་ ཏོག་དབྱིབས་ནད་དུག་ལ་བསམ་གཞིག་བྱས་ནས་དངུལ་བུན་སྤྲོད་མཚམས་བཞག་པའི་དུས་བཀག་ཟླ་བ་གསུམ་རིང་དུ་བཏང་བ་དང་2020ལོའི་ཟླ་6ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པ་རེད་འདུག