རྒྱ་གར་སྲིད་བློན་མཆོག་གིས་ ནུབ་བྷང་ག་ལ་མངའ་སྡེར་ཧིན་སྒོར དུང་འཕྱུར་ 1000 གི་རོགས་སྐྱོར་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཨའོ་ཏི་ཤྷ་ལ་ཧིན་སྒོར་ དུང་འཕྱུར་ 500 ཡི་རོགས་སྐྱོར་བྱས་ཏེ་གེགས་སེལ་དང་བསྐྱར་སྐྲུན་གྱི་ལས་དོན་ལ་གསལ་བསྒྲགས་གནང་ཡོད།

རྒྱ་གར་དབུས་གཞུང་གིས་ ནུབ་བྷང་ག་ལ་མངའ་སྡེར་ཧིན་སྒོར་དུང་འཕྱུར་ 1000 གི་སྔོན་གཏོང་ནོར་སྲིད་རོགས་སྐྱོར་བྱས་ནས་འཁོར་རླུང་ཨན་ཕན་གེགས་རྗེས་སླར་གསོ་བྱེད་པའི་ལས་དོན་ལ་སྤྱོད་རྒྱུ་རེད་འདུག     རྒྱ་གར་སྲིད་བློན་ ན་རེན་ཏེ་ལ·མོ་ཏི་ དང་་ནུབ་བྷང་ག་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Mamata Banerjee ཡིས་ཐུན་མོང་ཐོག་ནུབ་བྷང་ག་ལ་མངའ་སྡེའི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ Paraganas ཁུལ་24ཡི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཁུལ་དུ་མཁའ་དབྱིངས་ནས་རྩད་ཞིབ་བྱས་པ་དང་འབྲེལ་   རིམ་འདས་འཁོར་རླུང་རླུང་འཚུབ་ཀྱིས་བཟོས་པའི་གཏོར་སྐྱོན་ཕོག་ཚད་ལ་ཚོད་སྐོར་བྱེད་པའི་འཛིན་སྐྱོང་ཚོགས་འདུའི་ཐོག་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད།

སྲིད་བློན་མཆོག་གིས་ད་དུང་རླུང་འཚུབ་ཀྱི་འབྲེལ་ཡོད་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ཧིན་སྒོར་འབུམ་2 རོགས་དངུལ་འཇལ་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད།

རྒྱ་གར་གྱི་སྲིད་བློན་ ན་རེན་ཏེ་ལ·མོ་ཏི་མཆོག་གིས་ གཟའ་པ་སངས་ཉིན་ད་དུང་རྒྱ་མཚོའི་རླུང་འཚུབ་ཀྱི་འཇབ་རྒོལ་ཕོག་པའི་ཨའོ་ཏི་ཤྷ་ ལ་ཧིན་སྒོར་དུང་འཕྱུར་ 500 ཡི་སྔོན་གཏོང་མ་དངུལ་རོགས་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་པ་རེད། འཁོར་རླུང་གི་གནོད་འཚེ་བྱུང་ཁུལ་ལ་ལྟ་ཞིབ་བྱས་རྗེས། ཁོང་དང་མངའ་སྡེའི་སྤྱི་ཁྱབ་འགོ་འཛིན་  Ganeshi Lal དང་སྤྱི་ཁྱབ་བློན་ཆེན་ Naveen Patnaik གཉིས་ཀྱིས་ཞིབ་བཤེར་ཚོགས་འདུ་འཚོགས་ནས། སྲིད་བློན་མཆོག་གིས་ད་དུང་འདས་པོའི་གཉེན་ཉེ་ལ་འབུམ་ 2 དམིགས་བསལ་གཟིགས་སྐྱོང་དངུལ་གནང་རྒྱུའི་ཁྱབ་བསྒྲགས་གནང་པ་དང་།རྨས་སྐྱོན་ཕོག་མཁན་ལ་དམིགས་བསལ་གཟིགས་སྐྱོང་དངུལ་ཁྲི་ 5 གནང་རྒྱུའི་གསལ་བསྒྲགས་གནང་འདུག

སྲིད་བློན་མཆོག་གིས་མངའ་སྡེ་གཉིས་པོར་ལྟེ་གནས་དེས་རོགས་རམ་གང་ཡོད་བྱས་ནས་མགྱོགས་མྱུར་ངང་རོགས་སྐྱོབ་བྱ་རྒྱུའི་འགན་ལེན་གནང་རྒྱུའི་ཞལ་བཞེད་གནང་ཡོད་འདུག