བལ་ཡུལ་གྱིས་རྩ་ཁྲིམས་བསྒྱུར་བཅོས་ཐད་གོ་བསྡུར་ཕྱི་བཤོལ་གནང་བ།

རྒྱ་གར་དང་བལ་ཡུལ་གཉིས་བར་གྱི་ས་མཚམས་རྒྱ་གར་གྱི་མངའ་སྡེ་སི་ཀིམ། ནུབ་བེན་གྷལ། བྷི་ཧར། ཝུ་ཊར་པར་དེཤ་དང་ཝུ་ཊྲ་ཁཌ་བཅས་མངའ་སྡེ་ལྔ་ཐུག་པའི་ཐོག་ཀི་ལོ་མི་ཊར་༡༧༥༠ ཡོད་འདུག། རྒྱལ་ཁབ་གཉིས་བར་གྱི་ས་མཚམས་ཕལ་མོ་ཆར་ཕྱི་ལོ་༡༨༡༦ ལོར་ཤར་རྒྱ་གར་ཀམ་པ་ནི་དང་བལ་ཡུལ་རྒྱལ་པོའི་ཁབ་གཉིས་ཀྱི་བར་སུ་ཌ་ལི་ཆིངས་ཡིག་བརྒྱུད་ཐག་གཅོད་གཏན་འབེབ་གནང་བ་ཞིག་ཡིན། ཆིངས་ཡིག་དེས་ཀ་ལི་རྒྱུག་ཆུའི་ཤར་ངོས་སྐམ་ས་ཆ་ཚང་བལ་ས་དང་རྒྱུག་ཆུའི་ནུབ་ངོས་ཆ་ཚང་རྒྱ་གར་གྱི་གནས་སུ་ངོས་འཛིན་གནང་འདུག། བལ་ཡུལ་གྱི་ཉེ་ལམ་རང་ཁྱིམ་ས་ཁྲ་དུས་མཐུན་བསྒྱུར་བཅོས་འགྲེམས་སྤེལ་དུ་རྒྱ་གར་གྱི་སར་ངོས་འཛིན་བྱེད་པའི་ཀ་ལ་པ་ནི། ལིན་པི་ཡ་ཌུ་ར་དང་ལི་པུ་ལེཀ་བཅས་ཀ་ལི་རྒྱུག་ཆུའི་ནུབ་ངོས་སུ་ཆག་པའི་ཀི་ལོ་མོ་ཊར་གྲུ་བཞི་མ་༤༠༠ རང་ཁྱིམ་དུ་ཡིན་ཚུལ་བརྗོད་འདུག།

བལ་ཡུལ་གྱིས་ས་ཁྱོན་དེ་ཚོ་ཀ་ལི་རྒྱུག་ཆུའི་ཆུ་ལག་ཆེ་ཁག་གི་ཤར་ངོས་སུ་ལྷུང་རྐྱེན་གྱི་བལ་ས་ཡིན་པ་ཐོབ་ཐང་ར་སྤྲོད་བྱས་འདུག། འོན་ཀྱང་བལ་ཡུལ་རང་གི་ས་ཁྲ་གཙོས་པའི་ལོ་བརྒྱ་དངལྔ་བཅུ་གོང་གི་ས་ཁྲ་དང་ཉམས་ཞིབ་ཁག་ཀ་ལི་རྒྱུག་ཆུའི་ཆུ་རྒྱུན་གཙོ་ནི་ཀ་ལ་པ་ནི་ནས་ཡོངས་རྐྱེན་གྱིས་ས་གནས་དེ་ཚོ་ཀ་ལིའི་ནུབ་ཕྱོགས་སུ་ཡིན་པ་རྟོག་ཐུབ། བལ་ཡུལ་གྱི་རང་གནས་སུ་ཐོབ་ཐང་རྩོད་པའི་ས་ཁྱོན་དེ་ཚོ་རྒྱ་གར་གྱི་མངའ་སྡེ་ཝུ་ཊར་ཁཌ་རུ་ཆགས་ཞིང་རྒྱ་གར་གྱི་རྒྱ་ནག་དང་བལ་ཡུལ་ས་མཚམས་ཀྱི་ཉེ་འགྲམ་དུ་ཆགས་ཤིང་རྒྱ་གར་གྱི་ཀེ་ལཤ་མན་ས་རོ་ཝེ་གནས་སྐོར་དུ་བསྐྱོད་མཁན་རྣམས་འགྲོ་ལམ་ཡིན་འདུག། རྒྱ་གར་གཞུང་གིས་གངས་ཀར་ཏི་སི་དང་མན་ས་རོ་ཝར་རི་རྒྱུད་དུ་གནས་སྐོར་འགྲོ་མཁན་གྱི་དཀའ་ཚེགས་ཅན་གྱི་འགྲུལ་བཞུདསྟབས་བདེ་བཟོ་ཕྱིར་རྒྱ་གར་ནས་གྱི་ཏ་ཝ་གྷཊ་ནས་ལི་པུ་ལེཀ་བར་འཁོར་ལམ་བཟོ་སྒྲུབ་བྱུང་ཡོད། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་མཆོག་གིས་གཞུང་ལམ་དེ་འདི་ལོའི་ཕྱི་ཟླ་བཞི་པའི་ནང་དབུ་འབྱེད་གནང་འདུག། བལ་ཡུལ་གཞུང་གིས་བདེ་མ་ཐག་གཞུང་ལམ་དེ་བལ་ཡུལ་གྱི་ས་ཁུལ་དུ་ཆགས་པ་ཡ་ལན་ཐོག་ཕྱི་ཟླ་ལྔ་པའི་འགོ་སྟོད་དུ་རྒྱ་གར་གཞུང་ལ་ལམ་བཟོ་མཚམས་འཇོག་གནང་བ་བརྗོད་འདུག། ཉིན་ཤས་རྗེས་ཟླ་འདིའི་ཚེས་༡༨ རུ་བལ་ཡུལ་བློན་ཆེན་ལྷན་ཚོགས་ཀྱིས་བལ་ས་ལིམ་པི་ཡ་ཌུ་ར་བར་ཁྱབ་པའི་དུས་མཐུནབསྒྱུར་བཅོས་ཀྱི་ས་ཁྲ་འགྲེམས་སྤེལ་གནང་ཞིང་བལ་ཡུལ་སྲིད་བློན་མཆོག་གིས་ཚེས་༢༠ རུ་གྲོས་ཚོགས་སུ་འགྲེམས་སྤེལ་གནང་སྟེ་བལ་ས་འཁྱེར་ལོག་གནང་རྒྱུ་འབད་པ་ལྷད་མེད་ཡིན་ཞེས་གཏམ་བཤད་གནང་འདུག།

བདེན་པ་བདག་སྐྱེལ་མེད་པའི་ས་ཁྲ་འབྲི་བཀོད་གསལ་བསྒྲགས་དེར་རྒྱ་གར་གྱིས་བལ་ཡུལ་ལ་ཕྱོགས་གཅིག་ཁོ་ནའི་བྱ་སྤྱོད་ལས་འཛེམས་ནས་རྒྱ་གར་གྱི་ས་ཁྱོན་གང་ཧྲིལ་དང་རང་དབང་གཙང་མའི་བདག་དབང་ལ་ཞུས་བརྩི་ཞུས་པའི་ཡ་ལན་ཤུགས་ཆེ་གནང་འདུག། ད་དུང་བལ་ཡུལ་འགོ་ཁྲིད་ཀྱིས་རྒྱལ་འབྲེལ་ཐབས་བྱུས་ཞི་མོལ་བརྒྱུད་ས་མཚམས་དཀའ་རྙོག་སེལ་བར་ཁོར་ཡུག་ལེགས་པར་བསྐྲུན་པའི་རེ་བ་ཞུས་འདུག། རྒྱ་བལ་གཉིས་རིག་གཞུང་ཕ་ནོར་གཅིག་མཚུངས་དང་མང་ཚོགས་བར་ནང་མི་དང་ཉིན་རེའི་འཚོ་བའི་འབྲེལ་ལམ་དམིགས་བསལ་དང་བཟང་པོ་ཞིག་ཡོད་འདུག། དེ་བཞིན་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་བཟང་ཞིང་རྒྱ་གར་ནི་བལ་ཡུལ་དུ་ཕྱི་རྒྱལ་མ་འཛུགས་གནང་མཁན་ཤུགས་ཆེ་ཡིན་པས་རྒྱལ་འབྲེལ་ཉེ་ཚགས་དམ་སྟོན་ཐུབ། སྐབས་དེར་རྒྱ་གར་དང་བལ་ཡུལ་ཙམ་མིན་པརའཛམ་གླིང་ཡོངས་ཏོག་དབྱིབས་ནད་ཡམས་ཀྱི་མནར་བའི་དུས་སུ་རྒྱལ་ཁབ་གཉིས་ཀས་མང་ཚོགས་ཀྱི་དཀའ་ངལ་གདུང་སེལ་གནང་བར་མཉམ་རུབ་ཐད་སྐུ་ལན་བསྐྱོན་དགོས།

བལ་ཡུལ་གྱིས་བཀོད་བྲིས་གནང་བའི་ས་ཁྲ་གསར་པ་དེར་དཀའ་ངལ་གྱི་གནད་དོན་ཆེ་ཤོས་ཞིག་ནི་བལ་ཡུལ་གྱི་རྩ་ཁྲིམས་ནང་གི་མཚོན་རྟགས་སུ་ཡོད་པའི་ས་ཁྲ་བསྐྱར་བྲིས་བྱས་ཡོད། དེ་བརྟེན་ས་ཁྲ་གསར་པ་དེ་ཁྲིམས་དོན་མཚུངས་བ་ངོས་ལེན་གནང་བར་རྩ་ཁྲིམས་སུ་ལེགས་བཅོས་དགོས་ངེས་ཡིན། དེ་དང་བསྟུན་བལ་ཡུལ་གྲོས་ཚོགས་སུ་རྩ་ཁྲིམས་ལེགས་བཅོས་ཀྱི་ཁྲིམས་འཆར་ཞིག་བལ་ཡུལ་གྲོས་ཚོགས་སུ་སྙན་ཞུ་འབུལ་སྟེ་ཚེས་༢༦ རུ་གོ་བསྡུར་གནང་རྒྱུ་ཡིན་ཡང་ཚེས་གྲངས་དེར་གོ་བསྡུར་གནང་རྒྱུའི་ཐོ་གཞུང་དུ་ས་ཁྲའི་གནད་དོན་དེབ་སྐྱེལ་མ་གནང་རྐྱེན་པའི་གོ་བསྡུར་བྱུང་མེད་པ་ཡིན་འདུག། བལ་ཡུལ་དུ་རྩ་ཁྲིམས་བསྒྱུར་བཅོས་གནང་བར་གྲོས་ཚོགས་སུ་གཉིས་ཆ་གསུམ་གྱི་རྒྱབ་སྐྱོར་དགོས་པ་ཡིན། བལ་ཡུལ་གྱིས་གྲོས་ཚོགས་སུ་ས་ཁྲའི་གནད་དོན་གོ་བསྡུར་ཕྱི་འགྱངས་གནང་སྟེ་རྒྱལ་ཁབ་ཀྱིས་གནད་དོན་དེའི་ཐད་ཐེ་གཏོགས་ཀྱི་ལྟ་བ་མཚོན་ཐུབ། རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་བསམ་ཚོར་ལ་གུས་ཞབས་ཐོག་རྒན་ཚད་སྟོན་འདུག། ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཐག་ཉེ་གཏིང་ཟབ་དུ་གཏོང་རྒྱུ་ཤིན་ཏུ་གལ་ཆེའི་སྐུལ་རྐྱེན་གནས་སྟངས་ཆགས་ཡོད། བལ་ཡུལ་གྱིས་གྲོས་ཚོགས་སུ་ས་ཁྲ་གསར་པའི་གནད་དོན་དེ་གོ་བསྡུར་ཕྱི་བཤོལ་གནང་བའི་ལས་ཀྱིས་རྒྱ་བལ་མང་ཚོགས་ཀྱི་རྒྱལ་ཁ་མཚོན་ཞིང་རྒྱལ་འབྲེལ་ཐག་ཉེ་རུ་འགྲོ་ངེས་ཡིན་ནོ།

མ་ཟིན། རྒྱ་གར་གྱི་བལ་ཡུལ་སྐུ་ཚབ་དོན་གཅོད་མན་ཇིཝ་པུ་རི།