རྒྱ་གར་གྱི་དམག་དཔུང་གིས་མཐའ་མཚམས་དོ་དམ་ཐད་ལ་ཧ་ཅང་འགན་འཁུར་བའི་བྱེད་སྟངས་སྤྱད་ཡོད་པ་རེད་ཅེས་ Anurag Sedvastava གྱིས་བརྗོད་འདུག

རྒྱ་གར་གྱི་ཕྱི་འབྲེལ་ལྷན་ཁང་གིས་རྒྱ་དཀར་ནག་རྒྱལ་ཁབ་གཉིས་པོས་དམག་དོན་དང་ཕྱི་འབྲེལ་གྱི་ལམ་སྲོལ་བཙུགས་ནས་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་མཐའ་མཚམས་ས་ཁུལ་དུ་ཐོན་སྲིད་པའི་དུས་བབ་ཞི་བས་ཐག་གཅོད་བྱས་ཡོད་ཅེས་བརྗོད་པ་རེད། རྒྱ་གར་གྱི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ Anurag Srivastava གྱིས་རྟོག་བཟོའི་གསར་འགྱུར་གནད་བསྡུས་ཀྱི་ཚོགས་འདུའི་ཐོག་རྒྱ་གར་གྱི་དམག་དཔུང་གིས་མཐའ་མཚམས་དོ་དམ་ཐད་འགན་འཁྲི་ཆེན་པོ་ཁུར་བའི་རྣམ་འགྱུར་འཛིན་གྱི་ཡོད་ཅེས་བཤད་ཡོད།

ཁོང་གིས་ཕྱོགས་གཉིས་པོས་རྒྱ་ནག་དང་མིང་རྟགས་བཀོད་པའི་ཕྱོགས་གཉིས་པོའི་གྲོས་ཆོད་དང་གྲོས་ཆོད་ཡི་གེའི་ནང་གཏན་འབེབས་བྱས་པའི་གོ་རིམ་ལ་ནན་པོར་གཞིགས་ནས་མཐའ་མཚམས་ས་ཁུལ་དུ་ཐོན་སྲིད་པའི་གནད་དོན་གང་རུང་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་ཁོང་གིས་རྒྱ་གར་གྱིས་རྒྱ་གར་གྱི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཐད་ཀྱི་ཆོད་སེམས་བརྟན་པོ་ཡོད་ཅེས་སྔར་བས་བརྗོད་ཡོད།