Kabul དུ་ཐ་ལི་པན་གྱིས་་ཨ་རིའི་གྲོས་མཐུན་ལྟར་བཙོན་པ་བཙོན་གྲོལ་བཏང་རྒྱུར་གྲོས་བསྡུར་བྱ་རྒྱུ་རེད་འདུག

ཁོངས་མི་ལྔ་ལས་གྲུབ་པའི་ཐ་ལི་པན་ཚོགས་ཆུང་ཞིག་གཟའ་ཕུར་བུའི་ཉིན་ནོ་ Kabul འབྱོར་ཞིང་། གཟའ་འཁོར་འདིར་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་ངོ་ལོག་ཟིང་འཁྲུག་པ་བརྒྱ་ཕྲག་ལྷག་གློད་འགྲོལ་བཏང་བའི་བཙོན་པ་རྣམས་ལ་རྗེས་མཐུད་ཀྱི་བྱ་སྤྱོད་སྤེལ་རྒྱུ་རེད་འདུག

འདི་ནི་ད་ལོའི་སྔ་མོར་ཨ་རི་དང་ཐ་ལི་པན་བར་ལ་བཙོན་ལ་བཀག་པའི་མི་སྣ་བརྗེ་རེས་གྲོས་མཐུན་བྱུང་ཚུན་གཞི་ཁྱོན་ཆེ་ཤོས་ཀྱི་བཙོན་གྲོལ་བཏང་བ་ཞིག་རེད།

ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་བདེ་འཇགས་མགྲིན་ཚབ་པ་(Javid Faisal)དང་ཐ་ལི་པན་གྱི་ཆབ་སྲིད་མགྲིན་ཚབ་པ་(Suhail Shaheen)གཉིས་ཀྱིས་ཐ་ལི་པན་ཚོགས་ཆུང་ཞིག་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་སར་འབྱོར་བ་ར་སྤྲོད་བྱས་ཡོད་མོད། འོན་ཀྱང་ཞིབ་ཕྲའི་གནས་ཚུལ་མཁོ་འདོན་བྱས་མེད་པ་རེད།