སྲིད་བློན་མོ་དྷོས་ཏོག་དབྱིབས་གཉན་རིམས་ངལ་སེལ་སྐབས་མང་ཚོགས་ལ་གཟབ་ནན་གནང་བར་སྐུལ་བ།

སྲིད་བློན་མོ་དྷི་མཆོག་གིས་ཟླ་རེའི་སེམས་ཀྱི་སྐད་ཆ་ཞེས་པའི་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་བརྒྱུད་གཏམ་བཤད་ལས་ཚན་དུ་རྒྱ་གར་སྤྱི་ཡོངས་སུ་་ཏོག་དབྱིབས་ནད་ཡམས་ཀྱི་ཁ་གཏད་དུ་མཉམ་རུབ་རྒོལ་འཛིངས་ཀྱི་ལས་གཞི་ཤུགས་ཆེ་ཞིག་འགྲོ་བཞིན་ཡོད་པ་གསུངས་འདུག། ཁོ་བོས་ཏོག་དབྱིབས་རྒྱ་ཁྱབ་ནད་ཡམས་ཀྱི་མནར་བཞིན་པའི་དུས་སྐབས་དེར་རྒྱ་གར་གྱི་དཔལ་འབྱོར་བསྐྱར་གསོའི་ལས་སྒོ་མང་ཐག་ཞིག་བསྐྱར་འགོ་ཚུགས་སྐབས་མང་ཚོགས་ལ་གང་གཟབ་དང་བག་ཟོན་གནང་བའི་འབོད་སྐུལ་ཞུས་འདུག། སྲིད་བློན་མཆོག་གིས་མེ་འཁོར་ཞབས་ཞུ་༢༠༠ ཙམ་འདང་ངེས་སྔོན་འགོག་བྱ་བཞག་ཐོག་སླར་མུ་མཐུད་གནང་བ་བརྗོད་འདུག། ཁོ་བོས་མཁའ་ལམ་འགྲོ་བསྐྱོད་ཞབས་ཞུ་དང་བཟོ་ལས་སྡེ་ཚན་ཁག་རྣམ་རྒྱུན་བལྟར་བསྐྱར་འགོ་ཚུགས་ཡོད་པ་ཡང་གསུངས་འདུག། ཁོ་བོས་མང་ཚོགས་ལ་ལྷོད་ཡངས་མ་ཤོར་བར་མི་ཊར་གཉིས་ཙམ་གྱི་རྒྱང་ཐག་བཞག་པ། ཁ་རས་གྱོན་པ་དང་ཕྱིར་འགྲོ་དགོས་མེད་ཚད་རང་ཁྱིམ་དུ་བཞུགས་པའི་རེ་སྐུལ་ཞུས་འདུག། སྐུ་ཞབས་མོ་དྷིས་རྒྱལ་ཡོངས་སུ་ཟླ་བ་གཉིས་ལྷག་རིང་གི་ཁྱིམ་སྡོད་བཀའ་རྒྱ་ལག་བསྟར་བྱུང་རྗེས་མང་ཚོགས་ཀྱི་འབད་བཙོན་དཀའ་སྡུག་རྣམས་དོན་མེད་དུ་མ་ལྷུང་བར་འབོད་སྐུལ་ཞུས་འདུག།
སྲིད་བློན་མཆོག་གིས་མང་ཚོགས་གི་ལྷག་བསམ་རྣམ་དག་ཐོག་ཁྱིམ་སྡོད་བཀའ་བརྒྱ་ཉམས་ལེན་གནང་བར་བསྟོད་ཞིང་སེམས་ཤུགས་དེ་དག་ནི་རྒྱ་གར་གྱི་ནུས་ཤུགས་གཙོ་ཡིན་པ་བརྗོད་འདུག། ཁོ་བོས་རྒྱ་གར་གྱི་སྨན་རིགས་ལས་སྣེ་པ་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་སྟེ་སྨན་པ། སྨན་ཞབས་མ། ཁོར་ཡུགགཙང་སྦྲ་བཟོ་ལས་མི་སྣ། སྐོར་སྲུང་བ་དང་གསར་འགོད་མི་སྣ་ཡོངས་ལ་བསྟོད་འདུག། ད་དུང་དུས་གཉན་ཕྲང་སྐབས་དེར་བུད་མེད་རང་སྐྱོབ་ཚོགས་པས་དཔེ་ཟླ་བྲལ་བའི་སྐྱོབ་གསོའི་བྱེད་ལས་རྣམས་ལའང་བསྟོད་འདུག། ཁོ་བོས་ཏ་མིལ་ན་གྲུའི་ཀེ་སི་མོ་ཧན། ཨ་གྷར་ཏ་ལའིགྷོ་ཏམ་ཌས། པ་ཐན་ཀོཊ་ཡི་ར་ཇུ་ལ་སོགས་པའི་དུས་གཉན་ཕྲང་སྐབས་མཐུན་རྐྱེན་ཚད་ཅན་ཡོད་ཡང་གཞན་ལ་རོགས་སྐྱོར་གྱི་ལས་སུ་འཇུག་པའི་རྒྱ་གར་བའི་དཔེ་མཚོན་བསྟོན་འདུག། ཁོ་བོའི་ད་དུང་རྒྱ་གར་རྒྱལ་ཡོངས་ཀྱི་ས་མཐའ་འདྲ་མིན་ནས་བུད་མེད་རང་སྐྱོབ་ཚོགས་པའི་སྙུགས་རུས་ཅན་གྱི་བྱེད་ལས་ཀྱི་སྒྲུང་གཏམ་མང་པོ་ཐོས་རྒྱུ་ཡོད་པ་དགའ་བསུ་ཞུས་འདུག།
སྐུ་ཞབས་མོ་དྷིས་རྒྱ་ཁྱབ་ནད་ཡམས་ཀྱི་སྐབས་དེར་མི་བྱེ་བྲག་སོ་སོའི་གཞུང་གི་ལམ་སྟོན་རྣམས་ལེགས་པར་བརྩི་སྲུང་ཞུས་པ་མ་ཟད་ནད་ཡམསའགོག་ཐབས་ཀྱི་བྱེད་སྒོ་སྤེལ་བར་བསྟོད་འདུག། ཁོ་བོས་ན་ཟིཀ་གྲོང་ཁྱེར་གྱི་ར་ཇེན་ཌར་ཡ་དྷཝ་མཆོག་གིས་སྲིན་སེལ་དུག་ཆུའི་འཕྲུལ་ཆས་གསར་བཟོ་གནང་བའི་དཔེ་མཚོནའཇོག་འདུག། ཚོང་བདག་མང་པོས་མིཊར་གཉིས་རྒྱང་ཐག་གི་ལམ་སྟོན་ལེགས་པར་སྲུང་ཆེ་མི་རུ་སྒྲིག་སའི་སྒོར་ཐིག་ལ་སོགས་པ་རྒྱག་པ་ཡང་བརྗོད་འདུག། རྒྱ་ཁྱབ་ནད་ཡམས་ཀྱི་རྐྱེན་པའི་མང་ཚོགས་ཀྱི་དཀའ་སྡུག་མཚོར་བའི་ཐོག་སྲིད་བློན་མོ་དྷིས་ཏོག་དབྱིབས་ནད་ཡམས་ཀྱིས་དབུལ་ཕོངས་ལས་རྩོལ་བ་རྣམས་ལ་གནོད་འཚེ་ཆེ་ཤོས་བཟོས་པ་ངོས་ལེན་གནང་འདུག། དབུས་གཞུང། མངའ་སྡེ་གཞུང་དང་ཚན་པ་དང་ལས་ཁུང་ཚང་མའི་མཉམ་རུབ་ཐོག་ལས་རྩོལ་བ་རྣམས་ཀྱི་དཀའ་སྡུག་སེལ་ཐབས་སུ་གང་མྱུར་འབད་བཞིན་ཡོད་པ་གསུངས་འདུག། ཁོ་བོས་རྒྱལ་ཁབ་ཡོངས་ཀྱིས་ལས་རྩོལ་བའི་དཀའ་ངལ་རྣམས་བསམ་ཚོར་ཐུབ་ཞིང་དབུས། མངའ་སྡེ་དང་མངའ་ཁུལ་གྱི་གཞུངགིས་གདུང་སེལ་གྱི་ལས་ལ་བརྩོན་ཞིང་གཞུང་གི་དེའི་ཁ་ཕྱོགས་སུ་ལས་གཞི་ཇེ་མང་སྤེལ་ཡོད་པ་བརྗོད་འདུག། ད་དུང་ཉེ་དུས་ཀྱི་ཐག་གཅོད་ལས་འགུལ་སྤེལ་བས་གྲོང་གསེབ་དུ་གླ་ལས་ཀྱི་གོ་སྐབས་གསར་པ་དང་རང་ལས་རང་གཉེར་དང་བཟོ་ལས་ཆུང་ངུ་ཀྱི་གོ་སྐབས་ཇེ་མང་བསྐྲུན་ཡོད་པ་བརྗོད་འདུག། ཁོ་བོས་འཚོ་བ་རང་སྐྱོང་ཅན་གྱི་རྒྱ་གར་གྱི་ལས་འགུལ་གྱིས་ལོ་བཅུ་ཕྲག་འདི་ནང་རྒྱ་གར་མཐོ་ཚད་གསར་པར་སྐྱེལ་བའི་ཡིད་ཆེས་ཡོད་ཞེས་བརྗོད་འདུག།
སྲིད་བློན་མོ་དྷི་མཆོག་གིས་ཏོག་དབྱིབས་རྒྱ་ཁྱབ་ནད་ཡམས་ཀྱི་དུས་སུ་མང་ཚོགས་ཀྱོ་སེམས་ནང་རྩ་རླུང་སྒོམ་སྦྱང་དང་ཨ་ཡུར་བེད་རང་གི་ཚོ་བའི་ཆ་ཤས་སུ་བླངས་བའི་བསམ་འཚོར་ཤུགས་ཆེ་བྱུང་བ་བསྐྱར་བརྗོད་གནང་འདུག། ཁོ་བོས་རྩ་རླུང་སྒོམ་སྦྱང་སྤྱི་ཚོགས། ལུས་ཟུངས་ནུས་པ་དངགཅིག་སྒྲིལ་ཆེད་རྒྱབ་རྟེན་གནང་འདུག། ཁོ་བོས་ད་ལྟའི་ཏོག་དབྱིབས་རྒྱ་ཁྱབ་ནད་ཡམས་ཀྱི་དུས་སུ་ནད་དེས་དབྱུགས་འབྱིན་རྔུབ་ཀྱི་མ་ལག་ལ་གནོད་སྐྱོན་བཟོས་སྟབས་རྩ་རླུང་སྒོམ་སྦྱོང་དེ་སྔར་ལ་གལ་ཆེར་ཆགས་པ་བརྗོད་འདུག། སྲིད་བློན་མཆོག་གིས་གཞུང་གིས་རྒྱ་ཁྱབ་ནད་ཡམས་སེལ་ཐབས་ཀྱི་ལས་གཞིར་བསྟོད་དེ་བཀྲ་ཤིས་རྒྱ་གར་གྱི་ལས་འགུལ་གྱི་ཕན་ནུས་བྱུང་བའི་མི་མང་རྒྱ་ཆེར་གཏོང་བར་སྤོབ་པ་གནང་འདུག།
སྲིད་བློན་མཆོག་གིས་ནུབ་བྷེན་གལ་དང་ཨཔ་ཌི་སར་རླུང་ཚུབ་ཚབས་ཆེན་ཨེམ་ཕེན་གྱི་མནར་བཞིན་པའི་མང་ཚོགས་ལ་སེམས་ཤུགས་གནང་སྟེ་གདུང་སེལ་གྱི་ལས་ལ་བཞུགས་བཞིན་པའི་མི་མང་ལ་དགའ་བསུ་ཞུས་འདུག། དེ་བཞིན་མངའ་སྡེ་ཁག་ཏུ་ཞིང་པ་རྣམས་འབུ་འ་ཇག་གི་ལོ་ཏོག་བཟས་སྐྱོན་གཏོང་བའི་ཞིང་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག། ཁོ་བོས་དཀའ་ངལ་ཇི་ཙམ་མྱོངཡངཞིང་པ་རྣམས་ཀྱི་སེམས་ཤུགས་དང་བཟོས་སྲན་ལ་བསྔགས་འོས་ཡིན་པ་བརྗོད་འདུག། སྲིད་བློན་མཆོག་གིས་དེང་གི་མི་རབས་ཀྱིས་ཆུ་སྐྱོབ་དགོས་པའི་འགན་ཐོག་ལའང་བརྗོད་འདུག། ཁོ་བོས་ཆར་ཆུ་ཉར་ཚགས་གནང་དགོས་དོན་ཐོག་གསུངས་སྟེ་ཆུ་ཉར་ཚགས་གནང་དགོས་དོན་ཐད་འབད་སྐུལ་ཞུས་འདུག། དེ་བཞིན་རྒྱ་གར་བ་ཡོངས་ལ་ཁོར་ཡུག་ཉིན་མོ་སྐབས་ཤིང་སྡོང་འདེབས་འཛུགས་གནང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ལས་སུ་བཞུགས་པའི་དམ་བཅཉ་བཞེས་པའི་འབོད་སྐུལ་ཞུས་འདུག། ཁོ་བོས་ཁྱིམ་སྡོད་བཀའ་རྒྱས་འཚོ་བོ་དལ་འགུལ་གཏོང་ཡང་དེས་ཁོར་ཡུག་ལ་བསམ་འཚོར་གནང་བའི་གོ་སྐབས་གསར་པ་སྦྱིན་པ་མ་ཟད་རི་སྐྱེསསྲོག་ཆགས་རྣམས་ཕྱོར་འདོན་ཐུབ་པ་བྱུང་ཡོད་བཅས་བརྗོད་འདུག་གོ།

མ་ཟིན། ཀོ་ཤིཀ་རོའི། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་ཉམས་ཞིབ་པ།