རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྙན་ཞུ་དྲངས་ནས་ཕ་ཁི་སི་ཐན་ནི་སྔར་བཞིན་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལྟེ་གནས་ཡིན་པའི་བསྐྱར་བསྒྲགས་བྱས་པ།

 རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉེ་དུས་ཀྱི་སྙན་ཞུ་ཞིག་ལས་རྒྱ་གར་གྱི་དུས་ཡུན་རིང་པོའི་ལངས་ཕྱོགས་ཏེ།ཕ་ཁི་སི་ཐན་ནི་སྔར་བཞིན་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ལྟེ་བ་ཡིན་པ་ར་སྤྲོད་ཐུབ་ཡོད་ཅེས་བཤད་པ་རེད། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཨ་ནུའུ་ལ་ཀེ་ཡིན་ སེ་ཝ་སི་ཐ་ཝ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱེ་ཞིབ་རོགས་སྐྱོར་དང་བཀག་སྡོམ་ལྟ་ཞིབ་ཚོགས་ཆུང་གིས་ཕུལ་བའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་དང་བརྟན་ལྷིང་དང་བདེ་འཇགས་ལ་འཇིགས་སྐུལ་བཟོས་པའི་མི་སྒེར་དང་དངོས་ཚན་སྐོར་གྱི་སྨྱན་སྦྱོར་གྱི་སྙན་ཞུའི་དྲི་བར་ལན་རྒྱག་སྐབས་བཤད་པ་ཞིག་རེད།   ཁོང་གིས་རྒྱ་གར་གྱིས་དོ་ཁུར་ཆེན་པོ་བྱེད་པའི་སྒོ་ནས་སྙན་ཞུའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་འཇིགས་སྐུལ་རྩ་འཛུགསརྟེན་གཞིའིརྩ་འཛུགས་དང་དེའི་ཡན་ལག་སྒྲིག་གཞིའི་མཐོ་རིམ་འགོ་ཁྲིད་པ་ཨ་ཧྥུ་ཀ་ནི་སི་ཐན་དུ་མུ་མཐུད་གནས་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།   སེ་ཝ་སི་ཐ་ཝ་ཡིས་ཕ་ཁི་སི་ཐན་གྱིས་རྒྱལ་སྤྱིའི་འོས་འགན་ལག་བསྟར་མ་ཐུབ་པ་དང་དེས་མངའ་ཁོངས་ཚོད་འཛིན་བྱེད་པའི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་གི་ཡོད། ཁོང་གིས་རྒྱ་གར་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་འགན་ལེན་དང་བདེ་འཇགས་དང་བརྟན་ལྷིང་ལ་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།