སྲིད་བློན་མོ་ཏིས་སྲིད་གཞུང་གིས་ཚེ་སྲོག་སྐྱོབ་རྒྱུ་དང་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་གཞོལ་བཞིན་ཡོད་ཅེས་བསྐྱར་བསྒྲགས་གནང་བ།

 རྒྱ་གར་གྱི་སྲིད་བློན་ན་ལུན་ཏེ་ལ·མོ་ཏིས་ཏོག་དབྱིབས་ནད་དུག་གིས་དཔལ་འབྱོར་འགོར་དུ་འགྲོ་བཟོ་ཡོད་མོད།འོན་ཀྱང་རྒྱ་གར་གྱིས་ཤེས་ལྡན་མི་སྣ་དང་ལག་རྩལ་ལ་བརྟེན་ནས་འཕར་རྒྱུ་སླར་གསོ་བྱ་རྒྱུ་རེད་ཅེས་ཚིག་ཐག་བཅད་ནས་བཤད་པ་རེད། མོ་ཏིས་ཁོང་གི་བསམ་འདུན་བསྐྱར་བསྒྲགས་བྱས་ཏེ་རྒྱལ་ཁབ་དེས་རང་སྟོབས་རང་སྤེལ་བྱས་ནས་སླར་ཡང་འཕར་བའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱས་པ་རེད།  གཟའ་མིག་དམར་དུ།རྒྱ་གར་གྱི་བཟོ་ལས་མཉམ་འབྲེལ་ཚོགས་པའི(XI)ལོ་ཚོགས་དེ་བརྙན་ལམ་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བ་དང་།CIIབཙུགས་པ་ནས་བཟུང་གི་ལོ་125པ་དེ་ཐོག་ནས་སྲིད་བློན་གྱིས་ཚོགས་འདུའི་ཐོག་ཁོང་གི་བསམ་འདུན་ལོངས་སྤྱོད་བྱས་པ་མཚོན་པ་དང་།བརྗོད་བྱ་གཙོ་བོ་ནི་འཕར་རྒྱུ་སླར་གསོ་བྱས་པ་དེ་རེད།   ཁོང་གིས་ཐེངས་དང་པོར་བཟོ་ལས་ལས་རིགས་ཀྱི་ཁོངས་མིར་གསུང་བཤད་གལ་ཆེན་གནང་སྐབས་སྲིད་བློན་གྱིས་སྲིད་གཞུང་གིས་ཚེ་སྲོག་སྐྱོབ་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བ་བྱ་རྒྱུའི་ཁས་ལེན་བསྐྱར་བསྒྲགས་གནང་བ་རེད། ཁོང་གིས་རྒྱལ་ཁབ་ཀྱི་ནུས་པ་དང་ཉམས་ཉེན་དོ་དམ་གྱི་འཐབ་ཇུས་དང་།དེ་བཞིན་ཤེས་ལྡན་པ་དང་ལག་རྩལ་ཐོབ་ཐུབ་པའི་རང་བཞིན་ནན་བཤད་གནང་བ་མ་ཟད།རྒྱ་གར་མགྱོགས་མྱུར་སྐྱོན་བྲལ་གྱི་དཔལ་འབྱོར་ལམ་བུའི་ཐོག་ཕྱིར་ལོག་བྱ་རྒྱུའི་འགན་ལེན་ཡང་གནང་བ་རེད།