རྒྱ་གར་སྲིད་གཞུང་གིས་ TikTokདང་།  Helo WeChat སྐད་འཕྲིན་ཚུད་པའི་ལག་ཐོགས་ཁ་པར་ཉེར་སྤྱོད་རིགས་59རྒྱ་གར་ ནང་བཀག་སྡོམ་བྱས་ཡོད་འདུག

རྒྱ་གར་སྲིད་གཞུང་གིས་རྒྱ་གར་གྱི་བདག་དབང་དང་ཆ་ཚང་རང་བཞིན་ལ་གནོད་སྐྱོན་གཏོང་བ་དང་། རྒྱ་གར་གྱི་རྒྱལ་སྲུང་།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་སྲུང་བའི་ཆེད་དུ་ལག་ཐོ་ཁ་པར་གྱི་སྒུལ་བདེའི་ཉེར་སྤྱོད་གོ་རིམ་ 59 བཀག་སྡོམ་བྱས་ཡོད་འདུག

རྒྱ་གར་གྱི་གློག་རྡུལ་དང་ཆ་འཕྲིན་ཐོན་ལས་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ད་ཡོད་ཀྱི་ཆ་འཕྲིན་ལས་མངོན་པར།  ཉེར་སྤྱོད་གོ་རིམ་དེ་དག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་ཆ་ཚང་རང་བཞིན་ལ་གནོད་འཚེ་གཏོང་བ་དང་། རྒྱལ་སྲུང་།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་བཅས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་སྤེལ་བ་བཅས་ལ་དམིགས་ཏེ་ཉེར་སྤྱོད་གོ་རིམ་དེ་དག་སྤྱོད་རྒྱུ་བཀག་འགོག་བྱས་ཡོད་ཅེས་བཤད་པ་རེད། 

བཀག་རྒྱ་ཐེབས་པའི་བཀོལ་སྤྱོད་ནང་TikTok དང་།  Helo.  དེ་མིན་ WeChat སྐད་འཕྲིན་ལ་སོགས་ཚུད་ཡོད། སྤྱི་པའི་ཁྱབ་ཁོངས་སུ་མི་རྣམས་ཀྱིས་རྒྱ་གར་གྱི་བདག་དབང་དང་སྤྱི་དམངས་ཀྱི་གསང་དོན་ལ་གནོད་སྐྱོན་གཏོང་བའི་ཉེར་སྤྱོད་གོ་རིམ་ལ་བྱ་སྤྱོད་ནན་པོ་སྤེལ་རྒྱུའི་རེ་བ་མཐའ་གཅིག་ཏུ་བྱེད་བཞིན་ཡོད།