རྒྱ་གར་སྲིད་བློན་མོ་ཏིས་དེ་རིང་ཕྱི་དྲོའི་ཆུ་ཚོད་བཞི་པར་ཏོག་དབྱིབས་ནད་དུག་རྒྱལ་ཡོངས་སུ་ཁྱབ་པའི་གསུང་བཤད་གནང་ཡག་རེད་འདུག

རྒྱ་གར་གྱི་སྲིད་བློན་ན་རེན་ཏེ་ལ་·མོ་ཏིས་དེ་རིང་ཕྱི་དྲོའི་ཆུ་ཚོད་བཞི་པར་རྒྱལ་ཡོངས་ལ་གསུང་བཤད་གནང་རྒྱུ་རེད། ནང་སྲིད་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བཀག་སྡོམ་ཕྱིར་འཐེན་བྱ་རྒྱུའི་མཛུབ་སྟོན་བྱེད་ཕྱོགས་ཁྱབ་བསྒྲགས་བྱས་རྗེས།  སྲིད་བློན་མཆོག་གི་གཞུང་ལས་ཁང་གིས་ཐུའེ་ཐེ་ཐོག་ནས་འདི་ལྟར་གསུངས་འདུག

དེ་ནི་ཏོག་དབྱིབས་ནད་དུག་མཆེད་ཆེ་བ་ནས་བཟུང་སྲིད་བློན་མཆོག་གིས་རྒྱལ་ཡོངས་ལ་གཏམ་བཤད་བྱེད་ཐེངས་དྲུག་པ་དེ་རེད། མོ་ཏིས་ཐེངས་གོང་མར་རྒྱལ་ཡོངས་ལ་གཏམ་བཤད་སྤེལ་བ་ནི་ཟླ་5ཚེས་12ཉིན་ཡིན་ཞིང་།     སྐབས་དེ་དུས་ཁོང་གིས་ཧིན་སྒོར་དུང་འཕྱུར་འབུམ་ 20 ཡི་དངུལ་རྩའི་འཆར་གཞི་ཆ་ཚང་ཞིག་ཁྱབ་བསྒྲགས་བྱས་ནས་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་བཀག་སྡོམ་ཁྲོད་སླར་གསོ་ཐུབ་པའི་དཔལ་འབྱོར་ལ་སྐུལ་འདེད་བཏང་བ་རེད།

རེས་གཟའ་ཉི་མའི་སེམས་ཀྱི་སྐད་ཆའི་གཏམ་བཤད་ཁྲོད།   སྲིད་བློན་གྱིས་མི་དམངས་ལ་བཀག་སྡོམ་མེད་པར་བཟོ་བའི་དུས་སྐབས་སུ་དོགས་ཟོན་མཐོར་འདེགས་དང་སྔོན་འགོག་གི་བྱེད་ཐབས་མང་པོ་སྤྱོད་དགོས་པའི་སྐུལ་མ་བཏང་ཡོད།