རྒྱ་དཀར་ནག་གཉིས་པོས་རེས་སྐོར་གསུམ་པའི་གྲོས་མོལ་བྱས་ནས་ལ་དྭགས་ཤར་རྒྱུད་ཀྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་ཡིན་པ་རེད་འདུག

རྒྱ་དཀར་ནག་གཉིས་ཀྱི་དམག་ཕྱོགས་ཀྱིས་དེ་རིང་ཉིན་དམག་སྤྱི་གཞོན་པ་རིམ་པའི་གྲོས་མོལ་རེས་སྐོར་གཞན་ཞིག་བྱས་ནས་ལཱ་དྭགས་ཤར་རྒྱུད་ཀྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་རྩིས་ཡོད་པ་རེད། ཚོགས་འདུའི་ཐོག་ད་དུང་དཔུང་སྡེས་ཚོར་སྣང་སྐྱེན་པའི་ས་ཁུལ་ནས་འབྲེལ་གཏུག་དང་ཁ་བྲལ་བའི་བྱེད་ཐབས་གཏན་འཁེལ་བྱས་པ་རེད། དེ་ནི་རེས་སྐོར་གསུམ་པའི་དམག་སྤྱི་གཞོན་པ་རིམ་པའི་གྲོས་མོལ་ཞིག་ཡིན་ཞིང་།    གནས་ཚུལ་སྤེལ་བར་གཞིགས་ན།   མི་སྣས་གྲོས་མོལ་དེ་དངོས་ཡོད་ཚོད་འཛིན་ལམ་ཐིག་རྒྱ་གར་ཕྱོགས་ཀྱི་ Chushul དུ་བྱ་རྒྱུ་རེད་ཅེས་བཤད་པ་རེད།

ཚོགས་འདུའི་ཐོག་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་འགོ་ཚུགས་ཡག་རེད་འདུག     གྲོས་མོལ་ནང་ཞུགས་མཁན་རྒྱ་གར་གྱི་འཐུས་མི་ཚོགས་པའི་ཐོན་14པའི་དམག་སྤྱི་གཞོན་པ་  Harinder Singh དང་ རྒྱ་ནག་ཕྱོགས་ནས་བོད་དམག་ཁུལ་ཁང་གི་དམག་དཔོན་གྱིས་སྣེ་ཁྲིད་ཡག་རེད་འདུག

ཐོག་མའི་ཚོགས་འདུ་གཉིས་ནི་དངོས་ཡོད་ཚོད་འཛིན་ཐིག་གི་རྒྱ་ནག

ཕྱོགས་ཀྱི་ Moldo དུ་འཚོགས་པ་རེད། ཟླ་6ཚེས་22ཉིན་འཚོགས་པའི་རེས་སྐོར་གཉིས་པའི་གྲོས་མོལ་ཁྲོད་ཕྱོགས་གཉིས་དབར་ངོས་འཛིན་གཅིག་མཐུན་བྱུང་ནས་ལ་དྭགས་ཤར་རྒྱུད་ཀྱི་གདོང་ཐུག་ས་ཚིགས་ཚང་མ་འབྲེལ་གཏུག་དང་ཁ་བྲལ་རྒྱུའི་མོས་མཐུན་བྱས་པ་རེད།