རྒྱ་ནག་གི་དམག་ཞུགས་གནས་བབས་ལ་རྒྱལ་སྤྱིས་སྐྱོན་འཛུགས་ཤུགས་ཆེ་འཕོག་པ།

མ་ཟིན། རྒྱ་ནག་གི་རྒྱལ་འབྲེལ་སྲིད་བྱུས་ཀྱི་ཉམས་ཞིབ་པ་འབུམ་རམས་པ་རུ་པཱ་ནཱ་ར་ཡན་དྷས་ཀྱིས།

རྒྱ་ནག་གིིས་ཏོག་དབྱིབས་གཉན་རིམས་གློ་བུར་ཁྱབ་གདལ་ཐད་ཤེས་རྟོགས་བརྡ་ལན་མ་སྤྲོད་པའི་རྐྱེན་གྱིས་རྒྱ་ནག་གི་མཚན་གནས་ལ་གོད་ཆག་ཆེན་པོ་བྱུང་བའི་སྐབས་སུ་རྒྱ་ནག་གི་དམག་ཞུགས་གནས་བབས་ཀྱི་སྤྱོད་ལམ་ལ་ཉེ་ཆར་མཱ་ནི་ལར་རྒྱལ་ཁབ་བཅུའི་རྒྱལ་ཚོགས་ཨེ་སི་ཡན་གྱིས་དྲ་ཐོག་ལྷན་ཚོགས་སྐབས་ཉེས་འཛུགས་ཤུགས་ཆེ་གནང་འདུག། ཨེ་སི་ཡན་རྒྱལ་ཚོགས་ཀྱིས་ཕྱི་ལོ་༡༩༨༢ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོའི་ཁྲིམས་ཡིག་ཡུ་ཨེན་སི་ཨེལ་ཨོ་ཨེས་ནི་མཚོ་ཐོག་ཐོབ་དབང། རང་དབང་གཙང་མའི་ཐོབ་ཐང་དང་མཚོ་ཐོག་བཀོལ་སྤྱོད་ཀྱི་གཞི་རྩ་ཆགས་ཡོད་པ་བསྐྱར་ནན་

བརྗོད་དེ་རྒྱ་ནག་གིས་རྒྱལ་སྤྱིའི་བཀའ་ཁྲིམས་ལ་གུས་བཀུར་མེད་པ་གསལ་པོར་སྟོན་ཡོད།

འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧནགྲོང་ཁྱེར་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཀྱི་ལས་སུ་བྲལ་ཚུལ་མྱོང་བཞིན་པའི་དུས་སུ་རྒྱ་ནག་གིས་ཧོང་ཀོང། ཐའི་ཝན་དང་རྒྱ་དཀར་ནག་གི་ས་མཚམས་ཨེལ་ཨེ་སིར་དམག་ཞུགས་གནས་བབས་ཇེ་ཆེར་སོང་བཞིན་པ་ཐབས་སྡུག་གི་གནས་སྟངས་ཡིན། ལོ་འདིའི་ཟླ་བ་བཞི་པར་བག་མེད་རྩེ་གཡེང་གི་བྱ་སྤྱོད་ཐོག་རྒྱ་ནག་གི་གྲུ་ཞིག་གིས་ལས་མི་བརྒྱ་ལྡན་པའི་ཝེཊ་ནཱ་མིའི་གྲུ་ཞིག་ལྷོ་རྒྱ་ནག་མཚོའི་རྩོད་གཞི་ཅན་གྱི་པེ་རེ་སཱལ་མཚོ་གླིང་གི་ཉེ་འགྲམ་དུ་གཏོར་ཐིམ་བཏང་པ་ཡིན། རྒྱ་ནག་གི་མགོ་མཐོ་བྱ་ངན་གི་རྒྱབ་ལྗོངས་གནས་སྟངས་དེའི་འོག་ཨེ་སི་ཡན་རྒྱལ་ཚོགས་ཀྱིས་གཏམ་བཤད་གསལ་བསྒྲགས་གནང་འདུག། རྒྱ་ནག་གི་བྱ་ངན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་འཛུགས་ཆེན་པོ་ཐོབ་ཡོད། ལྷོ་ཤར་ཨེ་ཤི་ཡའི་སྐུ་ཚབ་ཁ་ཤས་ཀྱིས་གཏམ་བཤད་དེ་ཡིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་མཚོར་རྒྱལ་སྤྱིའི་བཀའ་ཁྲིམས་དྲང་པོ་སླར་གནས་དང་ཨེ་སི་ཡན་རྒྱལ་ཁབ་བར་དམ་ཚིག་ཇེ་ཆེར་སོང་བ་བརྗོད་འདུག། སྔར་ཨེ་སི་ཡན་རྒྱལ་ཚོགས་ཀྱོས་རྩོད་གཞི་ཅན་གྱི་མཚོར་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་ཡང་ད་བར་ལྷན་ཚོགས་རྗེས་སུ་གཞུང་འབྲེལ་གསལ་བསྒྲགས་སུ་རྒྱ་ནག་ལ་ཁ་རྡུང་གཏོང་མེད། སྐྱེན་དབང་གིས་ཝེཊ་ནམ་ནི་ཨེ་སི་ཡན་རྒྱལ་ཚོགས་ཀྱི་ད་ལྟའི་ཚོགས་གཙོ་ཡིན།

རྒྱ་གར་དང་ཝེཊ་ནམ་གཉིས་བར་སྔ་དུས་ནས་འབྲེལ་ལམ་བཟང་པོ་ཡོད་འདུག། རྒྱལ་ཁབ་གཉིས་ནི་རིག་གཤུང། ལོ་རྒྱུས་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཆེན་པོ་ཡོད། རྒྱ་གར་གྱི་ལྷོ་རྒྱ་ནག་མཚོའི་ལང་ཕྱོགས་དང་མངའ་ཁུལ་དའི་རྒྱལ་ཁབ་ལྷན་དུ་འབྲེལ་ལམ་བྱེད་སྒོ་སྤྱི་ཡོངས་ཀྱིས་རྒྱ་གར་དང་ཝེཊ་ནམ་གཉིས་ཀྱི་འབྲེལ་ལམ་ལ་ཕྱོགས་གསར་པ་ཞིག་སྤྲོདཡོད། རྒྱ་ནག་གིས་དྲག་མནོན་རྣམ་འགྱུར་གྱིས་ཝེཊ་ནམ་མཚོན་པའི་མངའ་ཁུལ་དེའི་རྒྱལ་ཁབ་ཀྱིས་ཞི་བདེ་དང་སྲ་བརྟན་ཡོངས་སླད་རྒྱ་གར་ལ་རོགས་སྐྱོར་སློང་བཞིན་ཡོད། རྒྱ་གར་གྱིས་མུ་མཐུད་ཕྱོགས་དུ་མ་ལྡན་པའི་ཚོགས་པ་ཨེ་སི་ཡན་ལྟ་བུར་རང་དབང་ངང་མཚོ་ཐོག་བཀོལ་སྤྱོད་ལ་རྒྱབ་སྐྱོར་གནང་ཞིང། རྒྱ་གར་གྱིས་ཨ་རི། ཉེ་ཧོང། ཨིན་ཌོ་ནེ་ཤི་ཡ་དང་ཝེཊ་ནམ་བཅའ་ཕྱོགས་གཉིས་རྒྱལ་འབྲེལ་གྲོས་མོལ་གྱི་ཟུང་སྦྲེལ་གསལ་བསྒྲགས་སུ་རྒྱབ་སྐྱོར་གནང་མུས་ཡིན། རྒྱ་གར་གྱི་མཚོ་དམག་གིས་ལྷོ་རྒྱ་ནག་མཚོར་སྦྱོང་བསྡར་དང་སྐོར་གཡེད་མྱུལ་ཞིབ་ཀྱིས་ཝེཊ་ནམ་ལ་རྒྱལ་འབྲེལ་ཐབས་བྱུས་ཀྱི་རྒྱབ་སྐྱོར་གནང་བ་མཚོན་ཐུབ། རྒྱ་གར་གྱི་རྒྱལ་སྲུང་དམག་དཔུང་ནས་གཙོ་མཚོ་དམག་གིས་ཝེཊ་ནམ་ལྷན་དུ་མཐུན་འབྲེལ་དང། ཉེ་ཆར་སྲིད་བློན་ན་རེན་དར་མོ་དྷི་མཆོག་གི་ཝེཊ་ནམ་གཟིགས་སྐོར་སྐབས་མགྱོགས་མྱུར་སྐོར་གཡེང་མྱུལ་ཞིབ་ཀྱི་གྲུ་རྒྱ་གར་གྱིས་བུ་ལོན་སྤྲོད་པའིརྒྱ་གར་གྱིས་ཝེཊ་ནམ་གྱི་རང་དབང་དང་ས་བདག་དབང་ཚད་ལ་སེམས་འཚབ་དང་རོགས་འདོད་མཚོན་ཐུབ་པ་ཡིན།

འཛམ་གླིང་གིས་མཚོ་དང་ས་ཙམ་ལ་རྒྱ་ནག་གི་དྲག་མནོན་གྱི་ཁ་གཏད་དུ་རྒོལ་འཛིང་མ་བྱེད་པར་དོན་དམ་དུ་ཏོག་དབྱིབས་ནད་ཡམས་ཁ་གཏད་དུ་རྒོལ་འཛིང་བྱེད་བཞིན་ཡོད། རྒྱལ་ཁབ་མང་པོས་གལ་ཏེ་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་སུ་ཁྱབ་གདལ་མ་ཕྱིན་གོང་བརྡ་ལན་སྤྲོད་ཡོད་པ་ན་སྔོན་འགོག་ལས་གཞི་ལེགས་པར་སྤེ་ནས་རིན་ཆེན་ཚེ་སྲོག་མང་པོ་སྐྱོབ་ཐུབ་པ་བྱུག་ཡོད་པ་ཡིད་ཆེས་བྱེད་བཞིན་ཡོད། ཕྱི་ཟླ་༥ ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སྐབས་རྒྱལ་ཁབ་༡༢༢ རྒྱབ་སྐྱོར་ཐོག་ཏོག་དབྱིབས་གཉན་སྲིང་གི་འབྱུང་ཁུངས་རྩད་གཅོད་མུ་མཐུད་བྱུང་འདུག། རྒྱ་གར་འཛམ་

གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ན་རྒྱ་གས་ལ་ཏོག་དབྱིབས་ནད་ཡམས་ཐད་གྲོས་ཆོད་གཏན་འབེབ་བྱེད་དགོས། རྒྱ་གར་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སྐབས་ཀྱི་གྲོས་ཆོད་མོས་མཐུན་དེ་ནི་དངོས་འབྲེལ་དང་ཚན་རིག་བེད་སྤྱོད་ཀྱིས་ནད་ཡམས་ཁ་གཏད་དུ་འཛམ་གླིང་སྤྱིའི་འགོག་བཅོས་ཡ་ལན་ལ་དཔྱད་ཞིབ་བྱེད་དེ་མ་འོངས་སློབ་གསོ་ལེན་དགོས་པའི་བལྟ་ཚུལ་ཡིན་འདུག། རྒྱ་གར་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚོགས་གཙོ་ཡིན་པའི་ཆ་ནས་དམིགས་ཡུལ་དེ་དག་སྒྲུབ་པའི་ཁ་ཕྱོགས་སུ་མདུན་སྐྱོད་འདོད་པ་ཡིན། འཛམ

གླིང་འཕྲོད་བསྟེན་ལྷམ་ཚཔགས་ཀྱིས་རྒྱལ་སྤྱིའི་གཟུགས་གཞིར་ཐའི་ཝེན་གྱི་ཟུར་ཉན་པའི་གོ་གནས་ཀྱི་མངོན་འདོད་་ཐད་ཐག་གཅོད་གནང་རྒྱུ་ཡིན་འདུག། ཐའི་ཝེན་གྱིས་ཕྱི་ལོ་༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ལས་ཕྱིར་འདོན་རྗེས་ཕྱི་ལོ་༢༠༠༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ཚན་པའི་ལྷན་ཚོགས་སུ་ཟུར་ཉན་པའི་་ཐོག་ནས་མཉམ་ཞུགས་ཐོག་མ་གནང་ངོ།