རྒྱ་གར་གཞུང་གིས་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་་ཟླ་8ཚེས་31ཉིན་བར་ནར་འགྱངས་བྱེད་པའི་བཀག་རྒྱ།

 

 ཏོག་དབྱིབས་ནད་དུག་ཁྱབ་ཆེ་བའི་རྐྱེན་གྱིས་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་བཀག་རྒྱ་དེ་ཟླ་8ཚེས་31ཉིན་བར་ནར་འགྱངས་བྱས་པ་རེད། འོན་ཀྱང་རྒྱལ་སྤྱིའི་དངོས་སྐྱེལ་ལས་སྒོ་དང་།དམིགས་བསལ་ཆོག་མཆན་གྱི་གནམ་གྲུ་དག་ལ་སྒྲིག་ལམ་འདི་ལག་ལེན་བསྟར་དགོས་མེད་པ་གསལ་འདུག   རྒྱལ་ཡོངས་ཀྱིས་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་མ་བྱས་གོང་རྒྱ་གར་གྱིས་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཟླ་3ཚེས་22ཉིན་ནས་མཚམས་འཇོག་ཐེངས་དང་པོ་བྱས་པ་རེད།   རྒྱ་ཁྱབ་ཆེ་བའི་ནད་ཡམས་ཀྱི་གནས་ཚུལ་འོག་འགྲུལ་སྐྱེལ་གྱི་དུས་དེརཧྥ་རན་སེ་དང་འཇར་མན་ཨ་རི་བཅས་ཀྱིསལྦུ་སོབ་སྐྱེལ་འདྲེནགྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་ཀྱི་གྲོས་ཆོད་འདིའི་རིགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་དུས་གཏན་གནམ་གྲུས་སྒྲིག་སྲོལ་ཆ་ཚང་ཞིག་བརྩི་སྲུང་བྱེད་པའི་གནས་ཚུལ་འོག་འགྲུལ་བསྐྱོད་བྱེད་དུ་བཅུག