སྲིད་བློན་མོ་ཏིས་གློག་འཕྲིན་ལས་རིགས་ཀྱིས་ལོ་25རིང་གི་སྒུལ་བདེའི་ཁ་པར་ཞབས་ཞུ་ལེགས་སྒྲུབ་བྱས་པར་བསྔགས་བརྗོད་ཞུས་པ།

 

 རྒྱ་གར་གྱི་བློན་ཆེན་ནཱ་ལུན་ཏེ་ལ·མོ་ཏིས་གློག་འཕྲིན་ལས་རིགས་ཀྱིས་ལོ་25རིང་གི་སྒུལ་བདེའི་ཁ་པར་ཞབས་ཞུ་ལེགས་སྒྲུབ་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། རྒྱ་གར་གློག་འཕྲིན་(DoT)བློན་ཆེན་དང་ཁ་པར་གཉེར་སྐྱོང་ཚོང་པའི་མཐུན་ཚོགས(COAI)ཀྱིས་དམིགས་བསལ་གྱི་དྲ་ཐོག་བྱེད་སྒོ“Desh Ki Digital Udaann”སྒྲིག་འཛུགས་བྱས་ནས་བྱེད་སྒོ་འདིར་དྲན་གསོ་ཞུས་པ་རེད།   སྲིད་བློན་གྱིས་འཕྲིན་ཡིག་ནང་DoTགློག་འཕྲིན་བཟོ་གྲྭ་དང་COAIགཉིས་ཀྱིས་གློག་འཕྲིན་ལས་རིགས་འཕེལ་རྒྱས་ཁྲོད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་པ་རེད། ཁོང་གིས་ལོ་25ཡི་གོང་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་ནི་དམིགས་བསལ་གྱི་གོ་སྐབས་བཟང་པོ་ཞིག་རེད།ད་ཆའི་དུས་འདིར་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་ནི་གོ་སྐབས་སྤྲོད་པའི་ལག་ཆ་ཞིག་རེད་འདུག་པ་གསུངས།