པ་ཀིས་ཐན་ནང་དུ་འཐབ་རྒོལ་འགྲོ་བཞིན་པ།

 

པ་ཀིས་ཐན་གཞུང་གིས་རང་རྒྱལ་གཅིག་ཏུ་སྒྲིལ་ཐབས་སུ་དོན་མེད། རྙོག་ཁྲ་ཚ་པོ་དང་གད་མོ་ཤོར་འོས་པའི་ཐབས་ཤེས་ཡང་གཞན་ཞིག་གནང་འདུག། པ་ཀིས་ཐན་གྱིས་རང་རྒྱལ་གྱི་ས་ཁྲ་གསར་པར་བྲིས་ཏེ་དེའི་ནང་རྒྱ་གར་གྱི་མངའ་སྡེ་གུཇ་རཏ་དང་དབུས་འཛིན་མངའ་ཁུལ་ཇ་མུ་ཀཤ་མིར་དང་ལ་དགས་ཀྱི་ཆ་ཤས་ཁ་ཤས་རང་ཁོངས་སུ་བླུགས་འདུག། པ་ཀིས་ཐན་གྲོས་ཚོགས་ཀྱིས་ས་ཁྲ་གསར་པར་ངོས་ལེན་གནང་ནས་རྗེས་སུ་གསར་འགོད་གསལ་བསྒྲགས་གནང་འདུག། པ་ཀིས་ཐན་གྱི་ས་ཁྲ་གསར་པར་རང་རྒྱལ་གྱི་མང་ཚོགས་ཀྱིས་འཕྱ་སྨོད་བྱེད་འདུག། ཕྱི་སྲིད་བློན་ཆེན་ཤཧ་མེཧ་མུཌ་ཁུ་རེ་ཤུ་མཆོག་གིས་དེ་སྔོན་ཁ་གཏད་ཆབ་སྲིད་ཚོགས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ཕྱི་སྲིད་ཡིག་ཚང་དུ་ས་ཁྲ་གསར་པའི་སྙིང་དོན་གསལ་བཤད་བྱས་འདུག།

རྒྱ་གར་གྱིས་པ་ཀིས་ཐན་གྱི་ཐོབ་ཐང་རྩོད་ལེན་ཆ་ཚང་མཐའ་གཅིག་ཏུ་འགའ་པ་རྒྱག་འདུག། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་པ་ཀིས་ཐན་སྲིད་བློན་ཨིཀ་རཱན་ཁན་གྱིས་འགྲེམས་སྤེལ་བྱས་པའི་པ་ཀིས་ཐན་ཆབ་སྲིད་ཀྱི་ས་ཁྲ་གསར་པ་མཐོང་བ་དང། རྒྱ་གར་གྱི་གུཇ་རཏ་མངའ་སྡེ་དང་དབུས་འཛིན་མངའ་ཁུལ་ཇ་མུ་ཀཤ་མིར་དང་ལ་དྭགས་ཀྱི་ས་ཁ་ཤས་ཐོབ་ཐང་རྩོད་པ་དེ་ནི་ཆབ་སྲིད་ཀྱི་རྒྱུ་མཚན་ཅི་ཁ་མི་ལྡན་པའི་བྱེད་ལས་ཡིན་པ་ཉེས་འཛུགས་གནང་འདུག། རྒྱུ་མཚན་དང་ཆོ་མེད་ཀྱི་ནན་རྩོད་དེ་ནི་ཁྲིམའ་དོན་དང་རྒྱལ་སྤྱིའི་ཆ་འཇོག་འཕེར་སྟངས་གཉིས་ཀ་ནས་དོན་མེད་ཡིན་པ་འགྲེལ་བརྗོད་གནང་འདུག། ཆོ་མེད་འབད་བརྩོན་གསར་པ་དེ་ཡིས་པ་ཀིས་ཐན་གྱིས་ས་མཚམས་ཕ་རོལ་དུ་འཇིག་སྐུལ་དྲག་སྤྱོད་སྤེལ་བའི་ཐོག་མངའ་ཐང་གོང་འཕེལ་གྱི་བློ་ཞེན་དངོས་དོན་ངེས་བརྟན་བཟོས་ཡོད།

དེ་དང་མཉམ་དུ་པ་ཀིས་ཐན་གྱི་སྡེ་ཚན་འདྲ་མིན་ནང་མུ་མཐུད་འཁྲུག་རྩོད་འགྲོ་ཞིང། དབུས་གཞུང་ནི་མུ་མཐུད་དོན་མེད་བྱེད་ལས་ལ་བྲེལ་ཚུབ་བསྡད་ཡོད། བྷ་ལོཅ་དང་སིན་དྷིའི་ཤོག་ཁག་གཉིས་གཅིག་སྒྲིལ་བྱས་ནས་དབུས་གཞུང་གི་ཁ་གཏད་དུ་ལངས་ཡོད། བྷ་ལོཅ་གྱི་སྡེ་ཚན་མང་པོ་མཉམ་འཛོམ་གྱི་ཚོགས་པ་བྷ་ལོཅ་རཇ་ཨ་ཇོའི་སན་གྷར་དང་སིན་དྷི་གསར་བརྗེ་དམག་མིའམ་ཨེས་ཨར་ཨེ་གཉིས་གཅིག་སྒྲིལ་ཐོག་འཐབ་ཕྱོགས་ཀྱོས་པ་ཀིས་ཐན་གྱི་ཁ་གཏད་དུ་ལངས་འདུག། གཅིག་སྒྲིལ་འཐབ་ཕྱོགས་ཀྱིས་གསང་བའི་གནས་ཞིག་ཏུ་ཚོགས་འདུས་འཚོག་ཡོད། ཚོགས་མི་རྣམས་ཀྱིས་སིནྡ་དང་བྷ་ལོཅ་མི་རིགས་གཉིས་ལོ་བརྒྱ་ཁྲག་མང་པོ་ནས་ཆབ་སྲིད། ལོ་རྒྱུས་དང་རིག་གཞུང་གྱི་འབྲེལ་ལམ་ཡོད་པ་མོས་མཐུན་གནང་འདུག། ལོ་བརྒྱ་ཕྲག་མང་པོའི་འབྲེལ་ལམ་དེ་བསྐྱར་གསོ་གནང་དགོས། པ་ཀིས་ཐན་རྒྱལ་ཁབ་ཆག་ནས་དབུས་གཞུང་གི་རིམ་བྱུང་མང་པོས་སིན་དྷི་དང་བྷ་ལོ་ཅིས་གཉིས་ལ་དབྱེ་འབྱེད་བྱེད་བཞིན་སིནྡ་དང་བྷ་ལོཅ་མངའ་སྡེར་གནས་སྟངས་ཐབས་སྡུག་ངན་པས་མི་རིགས་གཉིས་ཀས་རང་བདག་གི་རྒྱལ་ཁབ་རྩོད་བཞིན་ཡོད།

གཅིག་སྒྲིལ་འཐབ་ཕྱོགས་ཀྱིས་ཨ་སྒོར་ཐེར་འབུམ་༦༠ ཅན་གྱི་རྒྱ་ནག་པ་ཀིས་ཐན་ཚོང་ལས་བར་ཁྱམས་སམ་སི་པི་ཨེ་སི་ཡིས་སིནྡ་དང་བྷ་ལོཅ་མངའ་སྡེར་གནོད་རྐྱེན་ཆེན་པོ་བཟོས་ཞིང།སིནྡ་དང་བྷ་ལོཅ་གཉིས་ཀྱིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་བཙན་གནོན་ཐག་གཅོད་ལ་ཡིད་བརྟན་མི་རུང་བ་ཡིན་ཞེས་བརྗོད་འདུག། ཁོང་ཚོས་མ་འོངས་པར་རྒྱ་ནག་གི་དབང་འོག་ལ་བཞད་བཞིན་ཡོད། སིནྡ་དང་བྷ་ལོ་ཅིས་ཐན་གཉིས་ཀར་མཚོ་ཁ་ཆེན་པོ་ཡོད་དང། གཞི་རྒྱ་ཆེ་བའི་རྒྱ་གར་རྒྱ་མཚོ་དང་མཐུད་བཞིན་ཡོད། བྷ་ལོཅ་དང་སིནྡི་གཉིས་ཀས་མཚོ་ཁ་རིང་པོ་དེ་རྒྱལ་འབྲེལ་ཐབས་བྱུས་ལ་གལ་ཆེ་ཆག་ཡོད་པ་འཚོར་བཞིན་ཡོད། འཐབ་ཕྱོགས་ཚོགས་པའི་གསང་གནས་ལྷན་ཚོགས་སུ་སིནྡ་དང་བྷ་ལོཅ་ཚོགས་མི་རྣམས་ཀྱིས་སིནྡི་རྣམས་ནི་ལཔ་སྟོང་ཕྲག་མང་པོའི་ཨིན་ཌས་ཝེ་ལི་སྤྱི་ཚོགས་ཀྱི་ལྟ་སྲུང་བ་ནི་སིནྡ་ཡིན་པ་གསུངས་འདུག། བྷ་ལོཅ་རྣམས་ཡང་ལོ་སྟོང་ཕྲག་མང་པོའི་ལཔ་རྒྱུས་ལྡན་པ་ཡིན། མཱར་གྷ་སྤྱི་ཚོགས་རང་འཕེལ་ནི་བྷ་ལོཅ་མང་ཚོགས་ཀྱི་ཤུལ་ནོར་ཡིན། སིནྡི་དང་བྷ་ལོ་ཅིས་རྣམས་ཀྱིས་ལོ་རྒྱུས་ཧྲིལ་པོའི་རིངརང་ས། སྤྱི་ཚོགས་དར་འཕེལ་དང་རང་དབང་དབང་དུ་འདུལ་མཁན་དང་འཕྲོག་བཅོམ་པ་འདྲ་མིན་ལས་སྐྱོབ་ཡོད། ཡིན་ནའང་པ་ཀིས་ཐན་ཆག་རྗེས་ཁོང་ཚོ་ལ་མུ་མཐུད་མོ་སེར་གཉིས་པ་ལྟ་བུ་བརྩི་བཞིན་ཡོད། དུས་རབས་ཉེར་གཅིག་ལའང་ཁོ་ང་ཚོར་པ་ཀིས་ཐན་གྱི་མི་སེར་ཀུན་མ་བལྟར་ཐོབ་ཐང་སྤྲོད་ཀྱི་མེད། མངའ་སྡེ་གཉིས་སུ་ལྐོག་ཟ་རུལ་སུངས། ཉེ་དགའ་ཕྱོགས་ལྷུང་དང་ལོག་པར་སྐྱོང་བཞིན་ཡོད། སིནྡི་དང་བྷ་ལོཅ་ན་གཞོན་རྣམས་ལ་ལས་མེད་དལ་མུས་རྐྱེན་པས་མངའ་སྡེ་གཉིར་སྤྱི་ཚོགས་འཐོབ་རྒོལ་འགྲོ་བཞིན་ཡོད།

སིནྡི་དང་བྷ་ལོ་ཅི་འཐབ་ཕྱོགས་འགོ་ཁྲིད་རྣམས་ཀྱིས་བཙན་གནོན་དང་གཏོར་བཅོམ་ཅན་གྱི་པ་ཀིས་ཐན་གཞུང་གི་ཁ་གཏད་དུ་ཟུང་སྦྲེལ་ངོ་རྒོལ་མོས་མཐུམ་གནང་ཡོད། སིནྡི་བྷ་ལོཅ་འཐབ་ཕྱོགས་ཀྱིས་བཙན་གནོན་མི་རིགས་དང་འགོག་རྒོལ་ཚོགས་པའི་འབྲེལ་ཐུག་གནང་རྒྱུ་ཡིན་འདུག། ཁོང་ཚོས་རྒྱལ་སྤྱིའི་གཞུང་འདྲ་མིན་འབྲེལ་ཐུག་གནང་ཞིང། མཉམ་སྦྲེལ་རྒྱལ་ཚོགས་ལའང་བཅོས་སྒྲིག་འབད་བཞིན་ཡོད།

པ་ཀིས་ཐན་གྱི་སྲིད་བློན་ཨིམ་རཱན་ཁན་མཆོག་གིས་ཡིད་ཀྱིས་སྤྲུལ་པའི་པ་ཀིས་ཐན་ས་ཁྲ་གསར་ལ་འགྲེམས་སྤེལ་གནང་ནས་དུས་ཚོད་འཕྲོ་བརླག་བཏང་བའི་ལས་འོས་བསྡུ་སྐབས་ཀྱི་རང་རེའི་པ་ཀིས་ཐན་གསར་པ་བཟོ་བསྐྲུན་གྱི་ཁས་ལེན་དམ་བཅའ་སྒྲུབ་པར་འབད་དགོས། སྐུ་ཞབས་ཁན་མཆོག་གིས་སིནྡ་དང་བྷ་ལོ་ཅིས་ཐན་གྱིས་དཀའ་སྡུག་བཅོས་ཐབས་ལ་འབད་དགོས་སོ།

མ་ཟིན། རྒྱ་གར་རྒྱལ་ཡོངས་རླང་འཕྲིན་ཁང་གི་གསར་འགོད་པ་ཀོ་ཤིཁ་རོའི།