རྒྱ་གར་གྱིས་རྒྱ་ནག་ལ་ ཇ་མུ་ཀཤ་མིར་ གྱི་གནད་དོན་ཐད་སྐད་ཆ་ཤོད་དབང་མེད་ཅེས་བརྗོད་པ་དང་། ་རྒྱ་གར་གྱིས་རྒྱ་ནག་ལ་གཞན་པའི་རྒྱལ་ནང་གི་སྲིད་དོན་ལ་དཔྱད་གཏམ་མི་སྤེལ་རྒྱུའི་གྲོས་འགོ་བཏོན་པ།   

རྒྱ་གར་གྱིས་རྒྱ་ནག་ལ་ ཇ་མུ་ཀཤ་མིར་ གྱི་གནད་དོན་ཐད་སྐད་ཆ་ཤོད་དབང་མེད་པ་མ་ཟད།  རྒྱ་ནག་གིས་རྒྱལ་ཁབ་གཞན་དག་གི་ནང་ཁུལ་ལས་དོན་ལ་དཔྱད་གཏམ་མི་སྤེལ་རྒྱུའི་གྲོས་འགོ་ཡང་འདོན་ཡོད་པ་རེད། ཕྱི་འབྲེལ་ལྷང་ཁང་གི་མགྲིན་ཚབ་པ་ Anurag Srivastava ཡིས་ཉེ་ཆར་འབྲེལ་ཡོད་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ ཇ་མུ་ཀཤ་མིར་ གྱི་གནད་དོན་སྐོར་དཔྱད་གཏམ་གྱི་སྐོར་ སྨྱན་སྦྱོར་གྱི་དྲི་བར་ལན་སྐྱོན་སྐབས་གོང་གསལ་གྱི་བཀའ་མོལ་གསུངས་ཡོད་འདུག