སྲིད་བློན་ མོ་ཏིས་མཆོག་གིས་གསུངས་རྒྱུར།   ཧིན་དུའི་ཆོས་ལུགས་ཀྱི་ལྷ་ Ram ཞེས་རྒྱལ་པོ་དགའ་བྱེད་ཀྱི་ལྷ་ཁང་གི་འཛུགས་སྐྲུན་གྱིས་ས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་མང་པོ་བསྐྲུན་གྱིས་རེད་ཅེས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་ ན་ལུན་ཏེ་ལ·མོ་ཏིས་མཆོག་གིས་  ཨ་གཡོད་ཐི་ཡ་་དུ་ཧིན་དུའི་ཆོས་ལུགས་ཀྱི་ལྷ་ Ram ཞེས་རྒྱལ་པོ་དགའ་བྱེད་ཀྱི་ལྷ་ཁང་ནི་རྒྱ་གར་གྱི་སྲོལ་རྒྱུན་གྱི་དེང་རབས་ཀྱི་མཚོན་རྟགས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་དང་།    ཁོང་གིས་ Ram ལྷ་ཁང་གིས་མི་ཁག་གཅིག་གིས་ཐུན་མོང་ཐོག་གནད་དོན་ཐག་གཅོད་བྱེད་པའི་སྟོབས་ཤུགས་མཚོན་པ་དང་དེས་ཕ་ཚ་བུ་རྒྱུད་ལ་མུ་མཐུད་སྐུལ་མ་གཏོང་རྒྱུ་རེད་ཅེས་གསུངས་ཡོད་འདུག

སྲིད་བློན་མཆོག་གིས་ཁ་སང་ཨ་གཡོད་ཐི་ཡ་དུ་ Ram Janmbhumi འདུ་ཚོགས་སྟེང་ནས་གཏམ་བཤད་བྱས་སྐབས་ཁོང་གིས་ས་ཞིང་ལ་སྨོན་ལམ་རྒྱག་པའི་མཛད་སྒོ་སྤེལ་བ་དང་འབྲེལ་ Ram ཞེས་རྒྱལ་པོ་དགའ་བྱེད་ཀྱི་ལྷ་ཁང་གི་རྩིག་རྨང་གི་རྡོ་བཏིང་ཡོད་འདུག

ཁོང་གིས་ ཧིན་དུའི་ཆོས་ལུགས་ཀྱི་ལྷ་ Ram ཞེས་རྒྱལ་པོ་དགའ་བྱེད་ཀྱི་ལྷ་ཁང་བསྐྲུན་པ་དེ་ཐོག་ནས་རྒྱ་གར་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་མཚོན་ཡོད་ཅེས་བཤད་པ་རེད། སྐད་རིགས་སྣ་ཚོགས་ཀྱི་ཐོག་ནས་བྲིས་པའི་ Ramayan ་མི་འདྲ་བ་རྒྱས་བཤད་བྱེད་སྐབས།

སྲིད་བློན་མཆོག་གིས་ Shree Ram ནི་རྒྱལ་ཁབ་དེའི་སྣ་མང་རང་བཞིན་ཁྲོད་ཀྱི་ཐུན་མོང་གི་གཙོ་རྐང་ཞིག་རེད་ཅེས་དང་།   ཁོང་གིས་ ལྷ་ Ram ནི་ཆོས་ལུགས་ཀྱི་དབྱེ་བ་མེད་པའི་ཆོས་ལུགས་ཚང་མའི་སྟོབས་ཤུགས་དང་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་རེད་ཅེས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་ ན་ལུན་ཏེ་ལ·མོ་ཏིས་མཆོག་གིས་ ཨ་གཡོད་ཐི་ཡར་ལོ་རྒྱུས་རང་བཞིན་གྱི་གསུང་བཤད་གནང་སྐབས་དེ་ནི་རྒྱལ་ཁབ་ཧྲིལ་པོའི་ངོས་ནས་བརྗོད་ན་མི་སེམས་འགུལ་བའི་དུས་སྐབས་ཤིག་རེད་ཅེས་དང་།   ཁོང་གིས་ལྷ་ Ram གྱི་ལྷ་ཁང་འཛུགས་སྐྲུན་གྱིས་ཨ་གཡོད་ཐི་ཡར་  འཕེལ་རྒྱས་ཀྱི་ལམ་བུ་གཏོད་རྒྱུ་དང་འབྲེལ་ས་ཁུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྡེ་ཚན་ལས་བརྒལ་བའི་གོ་སྐབས་མང་པོ་བསྐྲུན་རྒྱུ་རེད་ཅེས་བཤད་པ་རེད།