Mumbai དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་དྲག་ཆར་བབས་ནས་རྒྱུན་གཏན་གྱི་འཚོ་བ་སྐྱེལ་མཚམས་ཆད་པ་དང། རྒྱ་གར་སྲིད་བློན་མཆོག་གིས་ མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེར་རོགས་རམ་བྱེད་ཐུབ་པའི་འགན་ལེན་བྱས་པ།

རྒྱ་གར་གྱི་གནམ་གཤིས་སྡེ་ཚན་གྱིས་འབྱུང་འགྱུར་ཆུ་ཚོད་24ཡི་ནང་ Konkan དང་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་དབུས་རྒྱུད་དུ་ཆར་པ་ཆེན་པོ་བབས་པའི་ཉེན་ཟླ་བསྒྲགས་པར་བརྟེན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Uddhav Thackeray ཡིས་མི་རྣམས་ལ་སྡོད་ཁང་ནང་སྡོད་རྒྱུའི་རེ་བ་བཏོན་པ་དང་དགོས་ངེས་ཀྱི་ལས་ཀའི་ཆེད་དུ་མ་གཏོགས་ཕྱིར་བསྐྱོད་མི་དགོས་ཞེས་སྐུལ་མ་བཏང་ཡོད་པ་རེད། ཁ་སང་།   མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེ་དང་འབོམ་འབེལ་གྱི་གཞི་ཁྱོན་ཆེ་བའི་ཆར་པ་དང་རླུང་ཆེན་གྱིས་མི་རྣམས་ཀྱི་འཚོ་བར་དཀའ་ངལ་བཟོས་ཡོད།

ཁ་སང་འབོམ་འབེལ་དུ་ཆུ་ཚོད་12ནང་ཚུན་དུ་ད་ཐེངས་ཀྱི་ཆར་པ་ཆེ་ཤོས་བབས་འགོ་ཚུགས་པ་དང་དུས་མཚུངས།ལོ་རྒྱུས་ཐོག་གི་རླུང་གི་མྱུར་ཚད་མཐོ་ཤོས་ཀྱང་བསུས་ཡོད། རྒྱ་གར་གནམ་བཤིས་ལས་དོན་ལས་ཁང་གི་གཞི་གྲངས་ལྟར་ན།  Colaba ལྟ་བཤེར་ས་ཚིགས་ནས་ 330 mm  ཡི་ཆར་ཆུ་འབབ་ཚད་ཟིན་ཐོར་བཀོད་པ་དང་  Santacruz གྱི་ལྟ་བཤེར་ས་ཚིགས་ནས་  146   mm གི་ཆར་ཆུ་འབབ་ཚད་ཟིན་ཐོར་བཀོད་པ་རེད།

དྲག་ཆར་གྱིས་ Jawaharlal Nehru གྲུ་ཁའི་དོས་སྒམ་གྲུ་ཁའི་ལྗིད་འདེགས་འཕྲུལ་ཆས་གསུམ་ལ་གཏོར་སྐྱོན་བཏང་ཡོད། དབུས་རྒྱུད་ ཁ་ཆེའི་ཆོས་ཁང་གི་མེ་འཁོར་བབས་ཚུགས་སུ་ལུས་པའི་འགྲུལ་པ་22 ལ་རྒྱལ་ཁབ་གེགས་སེལ་ཐེབས་རྩ་ལྷན་ཚོགས་ཀྱིས་བསྐྱབས་ཡོད་པ་རེད། དེ་དང་ཆབས་ཅིག་སྲིད་བློན་ན་ལུན་ཏེ་ལ་མོ་ཏིས་མཆོག་གིས་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Uddhav Thackeray གཉིས་ཀྱིས་ཞལ་པར་ཐོག་བཀའ་མོལ་གནང་ནས་དྲག་ཆར་བབས་རྗེས་ནུས་ཤུགས་ཡོད་རྒུས་དབུས་གཞུང་ནས་རོགས་རམ་བྱ་རྒྱུའི་འགན་ལེན་གནང་ཡོད་འདུག