མིག་སྔའི་བར་དུ་འཛམ་གླིང་དངུལ་ཁང་གིས་རྒྱ་གར་ལ་COVID-19དར་ཁྱབ་ཆེན་པོ་འདི་ལ་རྒྱབ་སྐྱོར་དང་ཁ་གཏད་གཅོག་པའི་ཆེད་དུ་ཁྱོན་ཨ་སྒོར་དུང་ཕྱུར་25ཡི་དངུལ་བུན་རིམ་པ་གསུམ་མཁོ་འདོན་བྱས་པ།

རྒྱ་གར་གྱི་རྒྱལ་དོན་ནོར་སྲིད་བློན་ཆེན་Anurug Singh Thakur གྱིས་འཛམ་གླིང་དངུལ་ཁང་གིས་ད་བར་རྒྱ་གར་སྲིད་གཞུང་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་25བཏང་སྟེ་རྒྱ་གར་སྲིད་གཞུང་གིས་COVID-19ཡི་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད་པ་རེད།  ཁ་སང་Rajya Sabhaཡི་གནད་དོན་ཞིག་ལ་ཡིག་ཐོག་ནས་ལན་བཏབ་པའི་ཁྲོད་དུ།སྐུ་ཞབས་Thakurཡིས་འཕྲོད་བསྟེན་བདེ་སྲུང་ལ་ཨ་སྒོར་དུང་ཕྱུར་10འདོན་སྤྲོད་བྱས་ཡོད་པ་དང་།སྤྱི་ཚོགས་སྲུང་སྐྱོང་ལ་ཨ་སྒོར་དུང་ཕྱུར་7.5འདོན་སྤྲོད་བྱས་ཡོད་ལ།དཔལ་འབྱོར་གྱི་ངར་སྐུལ་ལ་ཨ་སྒོར་དུང་ཕྱུར་7.5འདོན་སྤྲོད་བྱས་ཡོད་པས།མངའ་སྡེ་ཁག་དང་དབུས་གཞུང་ནས་ཐད་གཏོགས་ཁུལ་ཡོད་ཚད་ལ་དེའི་ཁྲོད་ནས་ཕན་ཁེ་ཐོབ་ཡོད་བཅས་གསལ་བཤད་གནང་།