རྒྱ་གར་གྱིས་ཕ་ཁི་སི་ཐན་གྱིས་རྒྱ་གར་གྱི་ཆོས་དད་པ་དང་སིཀ་ཆོས་སློབ་དང་གྲངས་ཉུང་མི་རིགས་གཞན་དག་ལ་གནོད་འཚེ་བཏང་བར་ངོ་རྒོལ་བྱེད་པ། 

རྒྱ་གར་གྱིས་གཟའ་མིག་དམར་ལ་པ་ཀི་སི་ཐན་ནི་འཇིགས་སྐུལ་རིང་ལུགས་ཀྱི་ལྟེ་བ་ཡིན་པ་དང་།དེས་དབྱི་སི་ལམ་པོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གང་འདོད་དུ་གཞུང་ལུགས་སྟོང་བཤད་བྱེད་རིན་མེད་པའི་རྣམ་འགྱུར་བསྟན།གང་ལགས་ཤེ་ན།དབྱི་སི་ལམ་པོས་རྒྱ་གར་གྱི་རིགས་རྒྱུད་དང་ཆོས་ལུགས་ཉུང་ཤས་ལ་གནོད་འཚེ་གཏོང་གི་ཡོད་པ་དང་།རྒྱ་གར་གྱི་ཆོས་དད་མི་སྣ་དང་།ཤིས་ཁེ་ཆོས་པ།ཡེ་ཤུའི་ཆོས་དད་མི་སྣ་བཅས་ཚུད་ཡོད།  རྒྱ་གར་གྱི་འཐུས་མི་དེས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་45པའི་ཚོགས་འདུའི་ཐོག་ཕ་ཁི་སི་ཐན་གྱི་གཏམ་བཤད་ལ་རྩོད་བཤེར་བྱེད་དབང་སྤྱད་དེ་ཕ་ཁི་སི་ཐན་གྱིས་རང་ཉིད་ཀྱི་སྒེར་ཕན་གྱི་དམིགས་ཡུལ་ངན་པ་བཅངས་ནས་གཏམ་བཤད་རྫུན་མ་དང་རྫུན་བཟོ་བྱས་པ་དེ་རྒྱ་གར་ལ་དམའ་འབེབས་གཏོང་བ་དེ་གོམས་གཤིས་རང་བཞིན་གྱི་བྱེད་སྟངས་ཤིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།  རྒྱ་གར་གྱི་ཕྱི་འབྲེལ་དཔོན་ཁོང་གིས་བཤད་དོན། “རྒྱ་གར་དང་རྒྱལ་ཁབ་གཞན་དག་ཚང་མར་རང་ཉིད་གདན་འདྲེན་མི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་འཆད་ཁྲིད་འདི་འདྲ་ཞིག་བྱེད་མི་ཐུབ། རྒྱལ་ཁབ་དེས་སྔ་ཕྱི་བར་གསུམ་དུ་དེའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་ཚོགས་སྤྱི་ཉུང་ཤས་ལ་དྲག་གནོན་གཏོང་བ་དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་ལྟེ་བ་ཡིན་པ་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀག་སྡོམ་མིང་ཐོའི་ཐོག་གི་མི་སྒེར་ལ་རྒན་གསོའི་དངུལ་སྤྲད་པའི་མཚན་སྙན་ཡོད་པ་མ་ཟད།ད་དུང་སྲིད་བློན་ཞིག་གིས་སྤོབས་སེམས་ཆེན་པོས་འཇིགས་སྐུལ་པ་ཁྲི་ཁ་ཤས་གསོ་སྦྱོང་བྱས་པར་ཁས་ལེན་བྱས་པ་རེད།