རྒྱ་གར་གྱིས་སྔར་བཞིན་ཞི་བའི་གླེང་མོལ་བྱས་ནས་མིག་སྔའི་མཐའ་མཚམས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་བ།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་Rajnath Singhལགས་ནས་རྒྱ་གར་གྱིས་ཞི་བའི་གླེང་མོལ་ཤོད་རེས་དང་གྲོས་མོལ་བརྒྱུད་མིག་སྔའི་མཐའ་མཚམས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། Singhལགས་ནས་རྒྱ་གར་གྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཚོར་སྣང་སྐྱེན་པ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་ཞི་བདེའི་འབྲེལ་བ་འཛུགས་པའི་རྨང་གཞི་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།  Singhལགས་ཀྱིས་གཟའ་མིག་དམར་ཉིན་མི་དམངས་ཁང་དུ་ལ་དྭགས་ས་ཁུལ་གྱི་དུས་བབ་ཐད་གསལ་བསྒྲགས་སྤེལ་སྐབས་རྒྱ་གར་གྱིས་སྐད་ཆ་ཤོད་རེས་བྱས་ནས་མིག་སྔའི་དུས་བབ་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག། ཁོང་གིས་རྒྱ་གར་གྱིས་ཐོག་མཐའ་བར་གསུམ་དུ་རྒྱ་ནག་ཕྱོགས་དང་ཕྱི་འབྲེལ་དང་དམག་དོན་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་དང་། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་གྲོས་ཁང་འོག་མར་རྒྱ་གར་གྱིས་འགག་རྩའི་རྩ་དོན་གསུམ་གྱི་ཐོག་ལངས་ཕྱོགས་འཛིན་རྒྱུ་ཡིན་ཞེས་བརྡ་ཁྱབ་བཏང་བ་རེད། ཁོང་གིས་ཕྱོགས་གཉིས་པོས《LAC་དང་ལ་དྭགས་ས་ཁུལ་གྱི་སྤྱི་ཆིངས》ལ་བརྩི་འཇོག་བྱེད་དགོས།ཕྱོགས་རྐྱང་པས་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བའི་རེ་ངན་གང་ཞིག་ཡིན་རུང་དང་ལེན་བྱེད་མི་ཐུབ།