ཨ་རིའི་་ཕྱི་སྲིད་དྲུང་ཆེ་མཆོག་གི་་རྒྱ་གར་གཞུང་འབྲེལ་གཟིགས་སྐོར།

མ་ཟིན། ཨ་རིའི་ཕྱི་སྲིད་ལས་དོན་གྱི་རྒྱལ་འབྲེལ་ཉམས་ཞིབ་འབུམ་རམས་པ་སུཊུ་ཏི་བྷེ་ནེར་ཇི་ལགས་ཀྱིས།

༄། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་སེཊེ་ཕེན་བི་གྷན་མཆོག་གིས་འདི་ཟླའི་ཚེས་༡༢ རྒྱ་གར་གཞུང་འབྲེལ་སྐོར་བསྐྱོད་དུ་ཕེབས་འདུག། གཞུང་འབྲེལ་གསལ་བསྒྲགས་གཞིར་བཟུང་བྱེད་ན་ད་ལན་གཟོགས་སྐོར་དེ་ཡིས་རྒྱལ་གཉིས་ཀྱི་རྒྱལ་སྤྱིའི་ཡོངས་ཁྱབ་འབྲེལ་ལམ་མདུན་བསྐྱོད་གནང་བ་དང། ཨ་རི་དང་རྒྱ་གར་གཉིས་ཀྱིས་མཉམ་རུབ་ཐད་རྒྱ་གར་ཞི་བདེ་རྒྱ་མཚོ་དང་རྒྱལ་སྤྱིར་ཞི་བདེ། འཕེལ་རྒྱས་དང་ཉེན་སྲུང་བསྐྲུན་པར་མཉམ་ལས་གོ་བསྡུར་གནང་རྒྱུ་ཡིན་བཅས་བརྗོད་འདུག།སྐུ་ཞབེ་བི་གྷན་མཆོག་གིས་གཞུང་འབྲེལ་མི་སྣ་རྒན་པ་ཁག་ལ་ཐུག་འཕྲད་གནང་སྟེ་རྒྱ་གར་ཨ་རི་འདུན་སར་གཏམ་བཤད་སྙིང་དོན་གནང་རྒྱུ་ཡིན་འདུག། ད་ལན་གྱི་རྒྱ་གར་གཟིགས་སྐོར་འདི་ནི་ཟླ་བ་རྗེས་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚུགས་རྟན་ཁེལ་བའི་ཨ་རི་དང་རྒྱ་གར་གཉིས་ཀྱི་ཕྱི་སྲིང་དང་རྒྱལ་སྲུང་བློན་ཆེན་གཉིས་དང་གཉིས་ཀྱི་བློན་ཆེན་གནས་ཚད་ཀྱི་གྲོས་མོལ་ཆེན་པོའི་སྔོན་བགྲོད་པ་ཆགས་ཞིང། ཕྱི་ཟླ་༡༡ ཚེས་༣ རུ་ཨ་རིའི་སྲིད་འཛིན་འོས་བསྡུས་་ཆེན་པོ་ཡིན་རྐྱེལ་གལ་ཆེ་ཆགས་ཡོད། ཡོངས་འགྱུར་གྱི་ཟླ་བ་རྗེས་མའི་གྲོས་མོལ་དེ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊ་རམ་མཆོག་གིས་ཕྱི་ལོ་༢༠༡༧ ཟླ་བ་༡ ཨ་རིའི་སྲིད་འཛིན་གྱི་འགན་འཁུར་བཞེས་རྗེས་ཨ་རི་དང་རྒྱ་གར་གཉིས་ཀྱིས་བློན་ཆེན་གཉིས་དང་གཉིས་འགྲོ་ལུགས་གྲོས་མོལ་ཐེངས་གསུམ་པ་ཆགས་ཀྱི་ཡོད། ཨ་རི་དང་རྒྱ་གར་གྱི་གཉིས་དང་གཉིས་ཀྱི་གྲོས་མོལ་དུ་ཨ་རིའི་རྒྱ་གར་ལ་འཕྲུལ་སྐར་དང་དེ་མིན་གཞན་གློག་འོད་ཀྱི་གནད་འགག་ཆེ་བའི་གནས་ཚུལ་བརྡ་ལན་སྤྲོད་དེ་རྒྱ་གར་དམག་དཔུང་གི་དམིགས་འབེན་དང་མཚོ་དང་གྲུ་སོགས་ཁ་ལོ་སྒྱུར་བའི་ནུས་ཚད་ཡར་རྒྱས་བཏངབའི་ BECA གྲོས་མཐུན་མཚཇ་རྟགས་གནང་རྒྱུ་ཡིན་འདུག། ད་ལན་གྱི་གྲོས་མཐུན་འདི་ནི་རྒྱ་གར་དང་ཨ་རི་གཉིས་བར་གྱི་གཞི་རྟེན་གྲོས་མཐུན་ཞེས་མཚན་འགྲོགས་པའི་གྲོས་མཐུན་ཐེངས་བཞི་བ་པ་ཆགས་ཞིང། དེ་སྔོན་ཕྱི་ལོ་༢༠༠༢ ལོར་དམག་དོན་གནས་ཚུལ་མཉམ་སྤྱོད་སྲུང་སྐྱོབ་གནང་བའི་གྲོས་མཐུན་མཚན་རྟགས། ཕྱི་ལོ་༢༠༡༦ ལོར་དམག་འགུལ་ཐབས་ཇུས་བརྗེ་ལེན་མོས་མཐུན་གནང་བའི་གྲོས་མཐུན་དང་ཕྱི་ལོ་༢༠༡༨ ལོར་ཉེན་མེད་འབྲེལ་ལམ་གྱི་གྲོས་མཐུན་བཅས་མོས་མཐུན་མཚན་རྟགས་གནང་ཡོད། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་དོན་གཉེར་ཁེ་ཕན་ཐོག་ཉེན་སྲུང་ཕྱག་སྦྲེལ་གནང་ནས་ཕན་ཚུན་རོགས་ཟླ་གནང་བར་ཁས་ལེན་གནང་ཡོད། ཨ་རི་རྒྱ་གར་ཟླ་རོགས་དེ་ཆབ་སྲིད་ཕྱོགས་སྒྲིལ་ནས་རྒྱལ་སྲུང་དང་འཕྲུལ་རིག་མཐུན་འགྱུར་མཉམ་ལས་སུ་འགྱུར་འགྲོས་ཕྱིན་ཡོད།  རྒྱལ་ཁབ་གཉིས་བར་གྱི་གྲོས་མཐུན་གྱི་རྒྱ་ཁྱོན་ནི་གལ་གནད་ཉེན་ཚབས་ཆེ་བའི་འཕྲུལ་རིག་དུ་ཁྱབ་པ་ནི་ངོས་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཕྱིན་པའི་བདེན་རྟགས་ཡིན། གྲོས་འཆར་དུ་རྒྱལ་ཁྱབ་ནད་ཡམས་དང་ཨེ་ཤི་ཡ་གླིང་ཆེན་དུ་རྒྱ་ནག་གི་དྲག་རྒོལ་ཇེ་འཆེར་སོང་བ་རྣམས་ཁོངས་སུ་འཚུད་སྲིད་པ་ཡིན།

སྐུ་ཞབཉ་བི་གྷན་མཆོག་གི་རྒྱ་གར་གཟིགས་སྐོར་ནི་ཉེ་ཧོང་གི་རྒྱལ་ས་ཊོཀ་ཡོར་ཨོས་ཀྲེ་ལི་ཡ། རྒྱ་གར། ཉེ་ཧོང་དང་ཨ་རིའི་ཕྱི་སྲིད་བློན་ཆེན་བཞི་ལྡན་གྱི་ལྷན་ཚོགས་ཀྱི་གཟའ་འཁོར་གཅིག་རྗེས་ཚུགས་པའི་དོན་གནད་ཆེན་པོ་ཆགའ་ཡོད། ཨ་རིས་རྒྱལ་ཁབ་བཞི་ལྡན་གྱི་ལྷན་ཚོགས་དེ་གཞུང་འབྲེལ་ཚོགས་ཆེན་ཞིག་ཏུ་བསྒྱུར་ནས་ཨེ་ཤི་ཡའི་མངའ་ཁུལ་དུ་རྒྱ་ནག་ཏུ་ཁ་གཏད་དུ་བཟོ་བཀོད་གནང་བའི་འདོད་བློ་བརྗོད་ཡོད། ད་ལན་གྱི་གཞུང་འབྲེལ་གཟིགས་སྐོར་དེས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་འགོག་མེད་འགྲུལ་བཞུང་ཐུབ་པ་འི་ཉེན་སྲུང་གི་གནད་དོན་གྱི་་ལྷན་དུ། ཨ་རིའི་བཟོ་ཚོང་ཁང་ཁག་ལ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་མཇུག་ཏུ་མཁོ་སྤྲོད་བརྒྱུད་རིམ་གཞན་ཞིག་སྤྲུན་ཐབས་ཡང་ཡིན་འདུག།

ཨ་རི་དང་རྒྱ་ནག་གཉིས་ཀྱི་གཞུང་འབྲེལ་ནི་ངོས་གཉིས་བར་གྱི་ཚོང་འབྲེལ། རྒྱ་གར་ཞི་བདེ་རྒྱ་མཚོའི་ངོས་སུ་རྒྱ་ནག་གི་དྲག་རྒོལ་དང་ཏོག་དབྱིབས་གཉེན་རིམས་ཐོག་མ་རྒྱ་ནག་ནས་ཁྱབ་གདལ་འགོ་ཚུགས་སྐབས་རྒྱ་གཞུང་གི་ཡ་ལན་སོགས་རྐྱེན་པའི་ངལ་ཞིང་དུབ་པའི་གནས་སྟངས་ཆགས་ཡོད། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་རྐྱེན་པས་ཨ་རིས་རྒྱ་ནག་ལ་མཁོ་སྤྲོད་རྒྱུད་པའི་གཞན་རྟེན་ལ་ཐབས་གཞན་འཚོལ་བཞིན་ཡོད། ཨ་རིའི་གནས་སྟངས་དེ་ནི་རྒྱ་གར་གྱི་རང་སྐྱ་འཕེར་བའི་རྒྱལ་ཁབ་བཟོས་པ་གང་ཞིག་རྒྱལ་སྤྱིའི་བཟོ་སྐྲུན་གྱི་ལྟེ་གནས་སུ་བཟོ་བསྒྱུར་གྱི་སྲིད་བྱུས་དང་ཐུན་པ་ཡོད། རྒྱ་དཀར་ནག་གཉིས་བར་གྱི་ཉེ་ཆར་ས་མཚམས་རྩོད་རྙོག་རྣམས་སྐུ་ཞབས་བོ་གྷན་གྱི་གཟིགས་སྐོར་དང་དེ་རྗེས་ཨ་རི་དང་རྒྱ་གར་གྱི་གཉིས་དང་གཉིས་གྲོས་མོལ་སྐབས་ཡང་གོ་བསྡུད་གནང་རྒྱུ་ཡིན། ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབཉ་པོམ་པོའི་དང་རྒྱལ་སྲུང་བློན་ཆེན་ཨེས་པར་རྣམ་གཉིས་ཀྱིས་རྒྱ་དཀར་ནག་ས་མཚམས་རྩོད་རྙོག་དང་འབྲེལ་རྒྱ་གར་གྱི་འགོ་ཁྲིད་ལྷན་དུ་མུ་མཐུད་འབྲེལ་མཐུད་གནང་བཞིན་ཡོད། རྒྱུན་གནས་ཐུབ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་ཡང་གྲོས་མོལ་གྱི་བརྗོད་གཞི་གལ་ཆེ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་ངོས་གཉིས། མངའ་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེའི་ཐད་གོ་བསྡུར་མཉམ་ལས་གནང་ནས་རྒྱ་གར་ཞི་བདེ་རྒྱ་མཚོའི་ངོས་ཀྱི་ཉེན་སྲུང་གི་ཐུན་མོང་གི་འཆར་སྣང་སྒྲུབ་པར་འབད་རྒྱུ་ཡིན་འདུག།

རྒྱ་ཁྱབ་ནད་ཡམས་དུང་སེལ་གྱི་གནད་་དོན་ཐད་ཐུག་འཕྲད་གྲོས་མོལ་སྐབས་གོ་བསྡུར་གནང་ངེས་ཡིན། འདི་ལོའི་ཕྱི་ཟླ་༣ ནང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཤྲིང་ལཱ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སེཊེ་ཕེན་བི་གྷམ་རྣམ་གཉིས་ཀྱིས་ཨོས་ཀྲེ་ལི་ཡ་དང་ཉེ་ཧོང་བཅས་ཀྱི་ལྷན་དུ་བདུན་རེའི་ཁ་པར་བཀའ་མོལ་གནང་ཞིང། རྗེས་སུ་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁག་གི་མཉམ་བཞུགས་གནང་ནའ་ནད་ཡམས་འགོག་བཅོས་ཀྱི་ཐབས་སུ་གོ་བསྔུར་དང་ནུས་པ་མཉམ་ཞུགས་གནང་བར་འབད་འདུག། སྐུ་ཞབས་བི་གྷན་མཆོག་གིས་རྒྱ་གར་རྗེས་བྷང་ལ་དེཤ་གཟིགས་སྐོར་དུ་ཏོག་དབྱིབའ་ནད་ཡམས་ཀྱི་གནད་དོན་ཐད་མཐུན་འགྱུར་མཉམ་ལས་གནང་བའི་འཆར་གཞི་ཡོད་འདུག། ཨ་རིས་རྒྱ གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཉེ་བའི་ལྷན་དུ་འབྲེལ་ལམ་གོང་འཕེལ་གནང་ཐབས་ནི་ཉེ་ཆར་ཟླ་བ་སྔོན་མ་མཱལ་དྷིབས་ལྷན་དུ་རྒྱལ་སྲུང་མཉམ་ལས་ཀྱི་གྲོས་མཐུན་མཚན་རྟགས་གནང་རྗེས་གལ་ཆེ་ཆགས་ཡོད། གཟིགས་སྐོར་ལས་འཆར་དེའི་བརྒྱུད་ཨ་རིའི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཆུང་བ་ཁག་གི་ལྷན་དུ་ཐད་ཀར་འབྲེལ་ལམ་གོང་འཕེལ་བཏང་སྟེ་ཞི་བརྟན་གནས་བའི་ཐབས་ཡིན། རྒྱ་གར་གྱིའང་སྲ་བརྟན་དང་ཞི་བདེ་ཅན་གྱི་ཁྱིམ་མཚེས་རྒྱལ་ཁབ་བཟོ་བཀོད་དུ་གཙོ་དམིགསགནང་བཞིན་ཡོད་དོ།