རྒྱ་གར་གྱི་ཕྱི་དངུལ་གྲབས་གསོག་བྱེད་ཚད་ཨ་སྒོར་ཐེར་འབུམ་ 551.505 ཟིན་པ།  

ཟླ་10ཚེས་9ཉིན་བར་རྒྱ་གར་གྱི་ཕྱི་དངུལ་གྲབས་གསོག་ཨ་སྒོར་ཐེར་འབུམ་ 5.867 མང་དུ་ཕྱིན་ནས་ཨ་སྒོར་ཐེར་འབུམ་ 551.505 ཡི་ཟིན་ཐོ་གསར་པ་བཏོད་ཡོད།

ཕྱི་དངུལ་གྲབས་གསོག་ཁྲོད་དུ་གོ་གནས་གཙོ་བོ་བཟུང་བའི་ཕྱི་དངུལ་གྱི་རྒྱུ་ནོར་ཨ་སྒོར་ཐེར་འབུམ་ 5.737 འཕར་སྣོན་བྱུང་ནས་ཨ་སྒོར་ཐེར་འབུམ་ 508.783 ཟིན་ཡོད། ཡང་རྒྱལ་ཁབ་འདིའི་གསེར་གྱི་གྲབས་གསོག་ཨ་སྒོར་ས་ཡ་  113 འཕར་ནས་ ཨ་སྒོར་ཐེར་འབུམ་ 36.598 ལ་སླེབས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་དེའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆ་ཡང་ཨ་སྒོར་ས་ཡ་   13 མང་དུ་ཕྱིན་ནས་ཨ་སྒོར་ཐེར་འབུམ་ 4.644 ཟིན་ཡོད་པ་རེད།