རྒྱ་གར་ནོར་སྲིད་ལས་དོན་བློན་ཆེན་ Nirmala Sitharaman གྱིས་འཛམ་གླིང་དངུལ་ཁང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་102པའི་ཐོག་མཉམ་ཞུགས་གནང་འདུག

རྒྱ་གར་ནོར་སྲིད་ལས་དོན་བློན་ཆེན་ Nirmala Sitharaman གྱིས་བརྙན་ལམ་ཚོགས་འདུ་བརྒྱུད་འཛམ་གླིང་དངུལ་ཁང་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུའི་ཚོགས་འདུ་ཐེངས་102པར་ཞུགས་པ་རེད། བློན་ཆེན་ Nirmala Sitharaman གྱིས་སྐབས་འདིའི་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས།  མིག་སྔའི་བར་ COVID -19 ནད་ཡམས་ཀྱི་ནད་ཚབས་ཆེན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་མུ་མཐུད་ཤུགས་རྐྱེན་ཐེབས་ནས་ལོ་མང་རིང་དབུལ་ཕོངས་ཆུ་ཚད་ཉུང་དུ་གཏོང་བའི་ཐད་དཀའ་སྤྱད་འབད་བརྩོན་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད་པ་རེད།

ཁོང་གིས་རྒྱ་གར་སྲིད་གཞུང་གིས་བྱེད་ཐབས་འགའ་སྤྱད་དེ་དར་ཁྱབ་ཆེན་པོ་འགྲོ་རྒྱུར་བཀག་འགོག་བྱས་པ་དང་དུས་མཚུངས་དེས་སྤྱི་ཚོགས་དང་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་བཏང་ཡོད་ཅེས་བཤད་པ་རེད། ལྕམ་ Sitharaman གྱིས་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་230ཡི་ཡར་སྐུལ་འཆར་གཞི་དང་པོ་ཁྱབ་བསྒྲགས་བྱས་ནས་དབུལ་པོ་ཚོར་ཐད་ཀའི་དངུལ་སྨར་གཞན་སྒྱུར་དང་འབྲུ་རིགས་བདེ་འཇགས་ཀྱི་བྱེད་ཐབས་མཁོ་འདོན་བྱས་ཡོད་ཅེས་བཤད། ཁོང་གིས་ད་དུང་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་20.3བཏང་ནས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་བརྒྱབ་སྟེ་COVID-19དར་ཁྱབ་ཆེན་པོ་ཡོང་བར་ཁ་གཏད་གཅོག་རྒྱུའི་ཁས་ལེན་བྱས་ཡོད་ཅེས་གསུངས་པ་རེད།

ནོར་སྲིད་བློན་ཆེན་གྱིས་དེས་མཉམ་སྡེབ་བྱ་སྤྱོད་ནི་ནད་ཡམས་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པའི་འགག་རྩ་ཞིག་ཡིན་པ་དང་འབྲེལ་2020ལོའི་ནོར་སྲིད་ལོ་འཁོར་གྱི་དུས་ཚིགས་བཞི་པའི་མཚོན་ཚུལ་ཆེན་པོ་དེར་དགའ་བསུ་ཞུས་ཤིང་།དེའི་ནང་འཛམ་གླིང་དངུལ་ཁང་ཚོགས་པས་ཨ་སྒོར་དུང་ཕྱུར་450བཏང་ནས་COVID-19ལ་ཁ་གཏད་གཅོག་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བཤད་པ་རེད།