སྲིད་བློན་མཆོག་གིས་འཕྲུལ་རིགས་ཀྱི་ཁ་སྒྱུར་མ་འོངས་པ་ནན་བཤད་གནང་བ།

མ་ཟིན། མཐོ་རིམ་ཚན་རིག་གི་འགྲེལ་བརྗོད་པ་བྷི་མཱན་བྷ་སུ་ཡིས།

༄། སྲིད་བློན་ན་རེན་དར་མོ་དྷི་མཆོག་གིས་འདི་ལོའི་བྷེན་གྷ་ལུ་རུ་འཕྲུལ་རིགས་ལྷན་ཚོགས་ཀྱི་དབུ་འབྱེད་གཏམ་བཤད་དུ་དབུས་གཞུང་གིས་མང་ཚོགས་ཀུན་ལ་ཞབས་ཞུ་ལེགས་པར་བསྐྲུན་སླད་གཞུང་འཛིན་ནང་འཕྲུལ་རིགས་་མཐུན་སྦྱོར་གནང་བའི་ཁས་ལེན་འབད་པ་འགྲེལ་བརྗོད་གནང་འདུག། ཁོ་བོས་འཕྲུལ་ཆས་ནི་དབུས་གཞུང་གི་ལས་འགུལ་ཁག་གཞུང་གི་ཡིག་ཆ་ཙམ་དུ་མ་ལུས་པར་དངོས་ཡོད་ཀྱི་མི་མང་ཀུན་ལ་མྱུར་འགྱོགས་དང་བོངས་ཚད་ཆེན་པོའི་ངང་ཁྱབ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞེས་གསུངས་འདུག། དབུས་གཞུང་གིས་རང་རེའི་ལས་འགུལ་ཚང་མར་འཕྲུལ་ཆས་ཆ་ཤས་གལ་ཆེ་དུ་འཇོག་ནས། གཞུང་འཛིན་ལམ་ལུགས་དུ་འཕྲུལ་རིགས་ལ་དོ་སྣང་དང་པའི་འཇུག་སྒོ་བཟོས་འདུག། སྐུ་ཞབས་མོ་དྷི་མཆོག་གིས། འདས་པའི་ཟླ་ཤས་ནང་འཕྲུལ་རིགས་མང་པོ་བདག་གིར་གནང་བ་ནི་ལོ་བཅུ་ཕྲག་མང་པོ་ནང་བྱུང་མེད། ང་ཚོ་བརྡ་ལན་གྱི་དུས་རབས་དཀྱིལ་དུ་ཡོད་པས། འགྱུར་བ་ནི་མྱུར་མགྱོགས་ཁ་བསྒྱུར་ཅན་ཡིན། དེ་དག་གིས་མི་མང་བོངས་ཆེམ་ལ་དུས་ཡུན་ཐུང་ངུའི་ནང་ཏོག་དབྱིབས་གཉེན་རིམས་༡༩ འགོག་ཁབ་རྒྱག་ནུས་པའུ་ཡིད་ཆེས་བརྗོད་འདུག། སྲིད་བློན་མཆོག་གིས་ན་གཞོན་རྣམས་ལ་དྲ་ཐོག་གཉེན་སྲིན་དང་རྒོལ་འཛིངས་ལེགས་པར་འགོག་པའི་ཤེད་ཤུགས་ཅན་གྱི་དྲ་ཐོག་སྲུང་སྐྱོབ་ཐབས་ལམ་གསར་བསྐྲུན་གནང་བའི་བྱེད་སྒོ་ཤུགས་ཆེ་སྤེལ་བར་འབོད་འདུག། འཕྲུལ་རིགས་གལ་གནད་ཀྱི་འབྲེལ་ཆགས་ཐོག་ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་གདལ་རྟེན་འཕྲུལ་ཆས་ཀྱིས་ལྷན་ཚོགས་གལ་ཆེ་དེ་དྲ་ཐོག་བརྒྱུད་ཚུགས་ཐུབ་པ་བྱུང་བ་བརྗོད་འདུག། ཌི་ཇི་ཊིལ་རྒྱ་གར་གྱི་ལས་གཞི་ནི་ལོ་ལྔའི་གོང་འགོ་འཛུགས་གནང་ཞིང། ལས་གཞི་དེ་ནི་གཞུང་གི་ལས་འགུཔ་ཙམ་མིན་པར་མང་ཚོགས་ཀྱི་མི་ཚེའི་ཆ་ཤས་ཞིག་ཏུ་འགྱུར་ཡོད། དེ་ཡིས་རྒྱ་གར་འཕེལ་རྒྱས་ཀྱི་ལས་གཞིར་མི་མང་གཙོ་དམིགས་ཀྱི་ཐབས་ལམ་དུ་འགྱུར་ནས་མང་ཚོགས་མཉམ་ཞུགས་ཐུབ་པ་འགྱུར་ཡོད། བྷེན་གྷ་ལུ་རུ་འཕྲུལ་རིགས་ལྷན་ཚོགས་ནི་རྒྱ་གར་གྱི་ICT གློག་རྡུལ་རིག་པ་དང་སྐྱེ་ལྡན་འཕྲུལ་ལས་རིག་པའི་སེཀ་ཊར་ཀྱི་ལོ་བལྟར་རེ་བཞིན་ལྷན་ཚོགས་རྙིང་ཤོས་དང་ཆེ་ཤོས་ཡིན། ལྷན་ཚོགས་དེ་ནི་ཀར་ན་ཊ་ཀ་གཞུང་དང་ཀར་ན་ཊ་ཀ་གཞུང་གི་བརྡ་ལན་འཕྲུལ་རིགས། སྐྱེ་ལྡན་འཕྲུལ་ལས་རིག་པ་དང་བཟོ་ཚོང་གསར་འཛུགས་དང་རྒྱ་གར་གྱི་མཉེན་ཆས་འཕྲུལ་རིགས་གླིང་གི་ཕུག་སྣང་ཚོགས་པའི་་གསར་གཏོད་དང་འཕྲུལ་རིགས་ཚོགས་པ་ཀར་ན་ཊར་གསར་གཏོད་དང་འཕྲུལ་རིགས་ཚོགས་པ་གཉིས་ཀྱི་མཉམ་རུབ་ཐོག་གོ་སྒྲིག་གནང་གི་ཡོད། ད་ལན་ལྷན་ཚོགས་ཀྱི་ལོ་༢༣ པར་འཕྲུལ་རིགས་ལྷན་ཚོགས་དེར་ཀམ་པ་ནི་ནས་བཟོ་ཚོང་ཁང་གསར་འཇུགས་པ། ན་གཞོན་གསར་གཏོད་པ་ནས་བཟོ་རགས་དབང་འཛིན་མི་སྣ། སྲིད་བྱུས་བཟོ་མཁན་ནས་མ་འཛུགས་པ། ཉམས་ཞིབ་ལ་ནས་གཙུག་ལག་མཁས་པ་འདུ་འཛོམས་གྲོས་མོལ་དང་མཉམ་ལས་གནང་བར་མཐུན་སྦྱོར་གྱི་སྡིངས་ཆེན་པོར་འགྱུར་ཡོད། ད་ལོའི་ལྷན་ཚོགས་ཀྱི་བརྗོད་གཞི་ནི་རྗེས་མ་ནི་ད་ལྟ་ཞེས་པ་ཡིན་ཞིང། གྲོས་བསྡུར་བསམ་ཞིབ་ནི་གཙོ་ནད་ཡམས་མཇུག་གི་འཛམ་གླིང་གི་དཀའ་ངལ་རྣམས་སེལ་སླད་འཕྲུལ་ཆས་ཀྱིས་བྱེད་ལས་གཙོ་དམིགས་ཡིན་འདུག།

ཉིན་གསུམ་རིང་གི་ལྷན་ཚོགས་ཀྱི་གླེང་གཞི་བཞི་ཤེས་བྱའི་ལྟེ་བ། གསར་གཏོད་ཟུར། འཕྲོད་བསྟེན་གཅིག། དང་རྒྱལ་ཁབ་ཚོགས་ཐུནབཅས་ཡིན་འདུག། ལྷན་ཚོགས་ཀྱིས་དོ་སྣང་གཙོ་དམིགས་ཀྱི་གནད་དོན་ཁ་ཤས་ནི་བར་སྣང་གི་སྟོང་ཆ་དང་ཉེན་སྲུང་འཕྲུལ་རིགས། འཕྲོད་བསྟེན་བལྟ་སྐྱོང། མ་འོངས་པའི་ལས་རིགས། མང་ཚོགས་ཀྱི་ཕན་བདེ། གློག་རྡུལ་རིག་པ་ཆེད་བཟོ་ཚོང་འགོ་འཛུགས་བཅས་ཡིན་འདུག། ཀར་ན་ཊ་ཀའི་གཞུང་གིས་རྒྱལ་ཁབ་༡༥ མཉམ་སྦྲེལ་གྱི་ལས་འགུལ་ཚོགས་པ་རྒྱལ་སྤྱིའི་གསར་གཏོད་མཐུན་ཕྱོགས་ཀྱིས་ལྷན་ཚོགས་སུ་རང་རྒྱལ་གྱི་ཚོགས་ཐུན་གནང་རྒྱུ་ཡིན་འདུག། དེ་དག་ཏུ་ཁེ་ན་ཌ། ཕིན་ལེཊ། ཕ་རན་སི། ཨིཛ་རེལ། ནེ་ཐར་ལེཊ། དབྱིན་ཡུལ། ཨོས་ཀྲེ་ལི་ཡ། ཇར་མ་ནི། སུས་ཌེན། ཐའི་ཝེན། སུས་སི། ཌེན་མཀ། བྷེ་རན། ཉེ་ཧོང་དང་ལུ་ཐུ་ནི་ཡ་ནཅས་ཡོད་འདུག། ཨོས་ཀྲེ་ལི་ཡའི་སྲིད་བློན་སོ་ཀོཊ་མོ་རི་སཱན་མཆོག་ཡང་དབུ་འབྱེད་མཛད་སྒོར་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་སྟེ།  ཕྱི་ཟླ་༦ མཚན་རྟགས་མོས་མཐུ་་གནང་བའི་རྒྱ་གར་ཨོས་ཀྲེ་ལི་ཡའི་མཐུན་འབྲེལ་གྲོས་མཐུན་འོག་རྒྱལ་ཁབ་གཉིས་ཀྱིས་ཌི་ཇི་ཊལ་དཔལ་འབྱོར་གྱི་རྨང་གཞི་བསྐྲུན་པར་དྲ་ཐོག་དངམཐུན་རྐྱེན་སྦྱོར་བའི་འཕྲུལ་ཆས་ཐད་མཉམ་ལས་གནང་བ་བརྗོད་འདུག། རྒྱལ་ཁབ་གཉིས་ཀྱིས་ཨོས་ཀྲེ་ལི་ཡ་རྒྱ་གར་དྲ་ཐོག་དང་གནད་འགག་ཆེ་བའི་འཕྲུལ་རིགས་མཐུན་འབྲེལ་དངུལ་འབབ་ལས་འགུལ་འགོ་འཛུགས་གནང་ནས། རྒྱལ་ཁབ་གཉིས་ཀྱིས་མཁས་པ་ཁག་གིས་འཕྲུལ་རིགས། གཞི་སྒྲོམ་དང་ལག་བསྟར་གནས་ཚད་ལེགས་པར་ཡོངས་བའི་ཐས་མཉམ་ལས་གནང་རྒྱུ་ཡིན་འདུག། བྷེམ་གྷ་ལུ་རུར་རྟེན་གཞིའི་ནེ་ཐར་ལེཊ་གཞུང་ཚབ་པ་གྷརཊ་ཧེཇ་ཀུཔ་མཆོག་གིས་བྷེན་གྷ་ལུ་རུ་འཕྲུལ་རིགས་ལྷན་ཚོགས་ནི་རྒྱལ་ཁབ་གཉིས་ཀྱི་རྒྱལ་འབྲེལ་མཐོ་ཚད་གསར་པ་སྐྱེད་པའི་སྡིངས་ཆ་ཡང་དག་བསྐྲུན་པ་བསྟོད་འདུག། Hague Business Agency ཡིས་འདི་ལོའི་ལྷན་ཚོགས་སུ་རྒྱ་གར་བཟོ་ཚོང་ཁང་གསར་འཛུགས་རྣམས་ལ་དྲ་ཐོག་ soft-landing program འགྲེམས་སྤེལ་གནང་རྒྱུ་ཡིན་འདུག། ཡོངས་འགྱུར་གྱི་ཉིན་ཁ་ཤས་ནང་མཛད་སྒོ་དེར་འཛམ་གླིང་གི་མཁས་པ་གྲགས་ཅན་གྱི་རང་རེའི་ཕུག་སྣང་བཤད་པ། འགོ་ཁྲིད་ཆེ་ཁག་གི་མ་འོངས་སྔོན་བརྡ་སྟོན་པ།བཟོ་རིགས་དབང་འཛིན་མི་སྣས་འཕྲུལ་ཆས་གསར་པ་འགྲེམས་སྟོན་དང་བཟོ་ཚོང་ཁང་གསར་འཛུགས་ཀྱིས་འཕྲུལ་རིགས་ཁ་བསྒྱུར་གཏོང་བའི་མ་འོངས་པ་བཟོ་བསྐྲུན་གྱི་བསམ་བྱ་་འགྲེལ་བརྗོད་གནང་རྒྱུ་ཡིན་འདུག་གོ།