ཉིའུ་ཅིན་-ཨ་སི་ལི་ཁང་རིམས་འགོག་སྨན་ཁབ་རྒན་འཁོགས་ཀྱི་ཁྲོད་དུ་ནུས་པ་ཤུགས་ཆེན་མངོན་པ་ཞིབ་འཇུག་མི་སྣས་བཤད།

འུ་ཅིན-ཨ་སི་ལི་ཁང་ཀུང་སིས་ཞིབ་བཟོ་བྱས་པའི་Covid-19འདེམ་སྒུག་རིམས་འགོག་སྨན་ཁབ་ཀྱིས་ལོ་དྲུག་ཅུ་བདུན་ཅུ་ལོན་པའི་དར་མའི་ཁྲོད་དུ་རིམས་ཐར་འགྱུར་འབྱུང་དྲག་པོ་མངོན་པ་དང་།འདིས་མི་རྣམས་ལ་ནད་དུག་འགོས་སླ་བའི་ལོ་ཚད་ཚོགས་ཆུང་སྲུང་སྐྱོབ་བྱེད་པའི་རེ་བ་ཡོད། Pfizer-BioNTech,SputnikདངModernaཡི་རིམས་འགོག་སྨན་ཁབ་རིགས་གསུམ་གྱིས་དུས་རིམ་གསུམ་པའི་ཚོད་ལྟའི་ནང་ཐོག་མའི་གཞི་གྲངས་ལེགས་པོ་ཞིག་སྙན་ཞུ་བྱས་ཡོད་པ་དང་།དེའི་ནང་གི་གཅིག་ནིབརྒྱ་ཆ་94ཡི་ལོ་65ཡན་གྱི་མིས་Covid-19ཡི་གནོད་འཚེ་མི་ཕོག་པ་བྱེད་ཐུབ།  བགྲེས་པོར་ཅུང་ཞན་པའི་རིམས་འགོག་མ་ལག་གིས་རྒྱུན་པར་རིམས་འགོག་སྨན་ཁབ་ཀྱི་ནུས་པ་ན་གཞོན་ལ་མི་དོ་བ་མཚོན། འོན་ཀྱང་ཉིའུ་ཅིན་སློབ་ཆེན་གྱི་ཚོད་ལྟའི་འབྲས་བུ་དེ་དག་ལས《Lancet》དུས་དེབ་ཐོག་ལས་རིགས་གཅིག་པའི་ཞིབ་དཔྱད་བྱས་པ་ལས་དེ་ནི་གནད་དོན་ཞིག་མིན་པ་མཚོན་གྱི་ཡོད། ཁོང་ཚོས་ལོ་56ནས་69བར་དང་ལོ་70ཡན་གྱི་རྒན་རྒོན་དང་ལོ་18ནས་55བར་གྱི་ན་གཞོན་ལ་གཅིག་མཚུངས་ཀྱི་རིམས་ཐར་འགྱུར་འབྱུང་ཡོད་པ་མངོན་ཡོད།  ཉིའུ་ཅིན་རིམས་འགོག་སྨན་ཁབ་ཚོགས་ཆུང་གི་ཞིབ་འཇུག་པ་འབུམ་རམས་པ་Maheshi Ramasamyཡིས་ཐེངས་གཉིས་པར་བརྒྱབ་རྗེས་ཀྱི་གཟའ་འཁོར་གཉིས་ཀྱི་ནང་དུ་ལོ་བརྒྱ་ཆ་99ཡན་ལ་འབྲིང་དང་འགོག་གཟུགས་ཀྱི་འགྱུར་འབྱུང་བྱུང་ཡོད་ཅེས་བཤད།