སྲིད་བློན་མོ་ཏིས་COVID-19རིམས་འགོག་སྨན་ཁབ་རྩིས་སྤྲོད་དང་།བགོ་བཤའ་དང་དོ་དམ་གྱི་གྲ་སྒྲིག་གནས་ཚུལ་ལ་ཕྱིར་མིག་བལྟ་བཞིན་པ།  

སྲིད་བློན་ན་ལུན་ཏེ་ལ་·མོ་ཏིས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་Covid-19རིམས་འགོག་སྨན་ཁབ་སྤྲད་ཚུལ་དང་ཁག་བགོས་དང་དོ་དམ་གྱི་གྲ་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། ཁ་སང་གི་ཚོགས་འདུའི་ཐོག་སྲིད་བློན་གྱི་ནུས་ཤུགས་གང་ཡོད་བཏོན་ནས་རིམས་འགོག་སྨན་ཁབ་ཞིབ་འཇུག་དང་།གསར་སྤེལ།གསར་བཟོ་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།  རྒྱ་གར་དུ་རིམས་འགོག་སྨན་ཁབ་རིགས་ལྔ་གསར་སྤེལ་བྱེད་པའི་མཐོ་རིམ་དུས་རིམ་དུ་གནས་ཡོད་ཅིང་།དེའི་ནང་གི་རིགས་བཞི་དུས་རིམ་གཉིས་པའམ་གསུམ་པར་གནས་ཡོད།གཅིག་དུས་རིམ་དང་པོའམ་གཉིས་པར་གནས་ཡོད། བྷང་ག་ལ་དང་།འབར་མ།ཁ་ཐར།འབྲུག་ཡུལ།སུའེ་ཙེར།པ་རེན།ཨོ་སི་ཁྲུ་རི་ཡ་དང་ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་ཀྱིས་རྒྱ་གར་གྱི་རིམས་འགོག་སྨན་ཁབ་མཉམ་ལས་གསར་སྤེལ་དང་དེ་བཞིན་བེད་སྤྱོད་བྱ་རྒྱུར་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད།  དུས་ཚོད་དང་པོར་རིམས་འགོག་སྨན་ཁབ་རྒྱག་ཆེད།འཕྲོད་བསྟེན་བདེ་སྲུང་དང་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣའི་གྲངས་གཞིའི་མཛོད་ཀྱིས་གྲང་ཐག་དང་ཁབ་རྒྱག་བྱེད་ཡོ་བྱད་ཉོ་སྒྲུབ་དང་སྨན་ཁབ་རྒྱག་རྒྱུའི་གྲ་སྒྲིག་ལས་དོན་དེ་དུས་མཇུག་ཏུ་སླེབས་ཡོད་པ་རེད། སྲིད་བློན་གྱིས་གྲགས་ཅན་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་གཞི་དང་དེ་བཞིན་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་མཉམ་ལས་བྱས་ནས་རྒྱ་གར་གྱི་ཞིབ་འཇུག་དང་བཟོ་སྐྲུན་ལས་རིགས་གོ་ལ་ཧྲིལ་པོའི་ཚད་གཞི་ནན་པོ་དང་མཐོ་ཤོས་སུ་སླེབས་རྒྱུའི་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། མའོ་ཏིས་འཕྲལ་དུ་ལྟ་སྐུལ་དོ་དམ་གྱི་ཆོག་འཐུས་ཐོབ་པ་མ་ཟད།དུས་ཐོག་ཏུ་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱས་ནས་གང་མགྱོགས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།