རྒྱ་གར་དང་དབྱིན་ཇིས་ ཏོག་དབྱིབས་ནད་དུག་ཀྱི་རྗེས་དང་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྗེས་མཉམ་ལས་དང་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་པ། 

རྒྱ་གར་དང་དབྱིན་ཇིས་ཁོ་ཚོའི་ཐུན་མོང་གི་རེ་འདུན་བསྐྱར་བསྒྲགས་བྱས་ཡོད་དེ། ཏོག་དབྱིབས་ནད་དུགཀྱི་རྗེས་དང་། རྗེས་ཀྱི་ཡོ་རོབ་གླིང་ནས་ཁ་བྲལ་བའི་དུས་རབས་སུ། ཕྱོགས་གཉིས་ཀའི་རོགས་ཟླའི་འབྲེལ་བར་འཕུར་མཆོང་ཆེན་པོ་ཞིག་བྱུང་ཡོད། སྲིད་བློན Narendra Modi ཡིས་ད་གོང་དབྱིན་ཇིའི་སྲིད་བློན་Boris Johnsonདང་ཁ་པར་ཐོག་ནས་འགོ་ཁྲིད་གཉིས་པོས་ཏོག་དབྱིབས་དར་ཁྱབ་ཆེན་པོ་བྱུང་བ་ལས་བྱུང་བའི་འགྲན་སློང་ལ་ལྟ་སྟངས་བརྗེ་རེས་གནང་བ་རེད། འགོ་ཁྲིད་གཉིས་ཀྱིས་རྒྱ་གར་དང་དབྱིན་ཇིའི་རིམས་འགོག་སྨན་ཁབ་གསར་སྤེལ་དང་བཟོ་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལམ་ལ་ཕྱིར་དྲན་གནང་བ་རེད།  རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཚོང་དོན་དང་མ་འཇོག་དང་།་ཚན་རིག་ཞིབ་འཇུག་ཆེད་ལས་མི་སྣ་དང་སློབ་མ་འགྲོ་སྐྱོད།་རྒྱལ་སྲུང་དང་བདེ་འཇགས་སོགས་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཁོང་ཚོས་རྒྱ་གར་དང་དབྱིན་ཇིས་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་ནན་བཤད་བྱས་པ་མ་ཟད། རྒྱལ་སྤྱིའི་ཉི་འོད་ནུས་པའི་མནའ་འབྲེལ་དང་གེགས་འགོག་རྨང་གཞིའི་སྒྲིག་བཀོད་མནའ་འབྲེལ་སོགས་རྒྱལ་ཁབ་གཉིས་པོའི་སྟེགས་བུའི་འོག་གི་མཉམ་ལས་ལ་བསྔགས་བརྗོད་ཀྱང་བྱས་པ་རེད། འགོ་ཁྲིད་པ་གཉིས་པོས་ད་དུང་ཕྱོགས་གཉིས་པོའི་དཔོན་རིགས་ཀྱིས་མུ་མཐུད་འབད་བརྩོན་བྱས་ཏེ་བློ་ཁོག་ཆེ་བའི་རྒྱ་གར་དང་དབྱིན་ཇིའི་རོགས་ཟླའི་འབྲེལ་བ་ཡུན་རིང་གི་ལམ་རིས་ཤིག་མགྱོགས་མྱུར་གཏན་འཁེལ་བྱ་རྒྱུའི་མོས་མཐུན་གནང་བ་རེད།