Shanghai མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེས་རྒྱ་གར་གྱི་རང་སྟོབས་རང་སྤེལ་གྱི་གྲོས་འགོར་ཚད་མཐོའི་མཐོང་ཆེན་བྱེད་རིན་ཡོད་ཅེས་བཤད་པ།

Shanghaiམཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་Vladimir Norovཡིས་རྒྱ་གར་གྱི་སྲིད་བློན་་Narendra Modi ཡིས་བཏོན་པའི“རྒྱ་གར་གྱི་རང་སྟོབས་རང་སྤེལ”གྱི་གྲོས་འགོར་བསྔགས་བརྗོད་བྱས་པ་དང་གྲོས་འགོ་དེར་ཚད་མཐོའི་མཐོང་ཆེན་བྱེད་རིན་ཡོད་པའི་ངོས་འཛིན་བྱས་པ་རེད།  2020ལོའི་ཟླ་11ཚེས་30ཉིན་རྒྱ་གར་གྱིས་གཙོ་གཉེར་བྱས་པའི་Shanghaiམཉམ་ལས་རྩ་འཛུགས་ཀྱི་སྐབས་བཅུ་དགུ་པའི་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོག་གོང་ཁོང་གིས་Prasar Bharati་པེ་ཅིང་(Beijing)དུ་བཅའ་སྡོད་ཆེད་མངགས་གསར་འགོད་པ་Anshuman Mishraའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད། ཁོང་གིས‘རང་སྟོབས་རང་སྤེལ་གྱི་རྒྱ་གར’གྱི་དམིགས་ཡུལ་ནི་བཟོ་ལས་དང་ཁེ་ལས་འབྲིང་ཆུང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞིང་དེ་དག་ནི་རྒྱ་གར་གྱི་མི་འབོར་ཁྲི་བརྒྱ་ལྷག་ཙམ་གྱི་ལྟོ་གོས་ཡིན་ཅེས་བཤད་པ་རེད།