རྒྱ་གར་གྱིས་Shanghai མཉམ་ལས་རྩ་འཛུགས་ཀྱི་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་གཉེར་བྱ་རྒྱུ་ཡིན་པ། 

རྒྱ་གར་གྱིས་དེ་རིངརྟོག་བཟོའི་རྣམ་པའི་ཐོག་ནས་Shanghai མཉམ་ལས་རྩ་འཛུགས་ཀྱི་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་གཉེར་བྱ་རྒྱུ་རེད། སྲིད་འཛིན་གཞོན་པ་M.Venkaiah Naidu ཡིས་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་རེད།  རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་གསལ་བསྒྲགས་ཤིག་ནང་དེ་ནི་རྒྱ་གར་འདི་ཉིད 2017ལོ་ནས་རྩ་འཛུགས་དེའི་ཁོངས་མིའི་རྒྱལ་ཁབ་དངོས་གཞི་ཞིག་ཏུ་གྱུར་ཚུན་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གཙོ་སྐྱོང་འོག་དབུ་ཚོགས་འཚོགས་ཐེངས་དང་པོ་རེད་ཅེས་འཁོད་ཡོད་པ་རེད།  ད་ཐེངས་ཀྱི་དབུ་ཚོགས་ལོ་རེར་ཐེངས་རེ་འཚོགས་ནས་གཙོ་བོ་རྩ་འཛུགས་འདི་གའི་དཔལ་འབྱོར་ཚོང་དོན་གྱི་གྲོས་རིམ་ལ་གྲོས་བསྡུར་བྱེད་ཀྱི་ཡོད། ན་ནིང་ཟླ་11ཚེས་2ཉིན་རྒྱ་གར་གྱིས་སྐབས་གོང་མའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ Uzbekistan གྱི་ཚབ་ཞུས་ནས་Shanghai མཉམ་ལས་རྩ་འཛུགས་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་ཟླ་འདིའི་ཚེས་30ཉིན་དུས་ཡུན་ལོ་གཅིག་གི་འགན་འཁུར་ཡུན་ཚད་མཇུག་འགྲིལ་རྒྱུ་རེད།