ཨ་རིའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་ཆའོ་པའེ་ཏེང་( Joe Biden) གིས་ཕོ་བྲང་དཀར་པོའི་འཕྲིན་གཏོང་ཚོགས་པ་ཚང་མ་བུད་མེད་ལས་གྲུབ་པའི་ཁྱབ་བསྒྲགས་བྱས་པ།

 ཨ་རིའི་སྲིད་འཛིན་ཆའོ་པའེ་ཏེང་( Joe Biden) གིས་ཚང་མ་བུད་མེད་ལས་གྲུབ་པའི་ཕོ་བྲང་དཀར་པོའི་འཕྲིན་གཏོང་ཚོགས་པ་ཞིག་བསྐོ་གཞག་བྱས་པ་རེད། ཁོས་སྔོན་གྱི་Barack Obama སྲིད་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏམ་བཤད་པ་Jen Psaki་ཁོའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལ་བདམས། Psaki མིག་སྔར་Biden-Harrisརྩིས་སྤྲོད་རྩིས་ལེན་གྱི་ཁས་ལེན་ཚོགས་པའི་འགན་འཁུར་གྱི་ཡོད། Obama-Biden སྲིད་གཞུང་གི་སྐབས་སུ། Psaki མཐོ་རིམ་གོ་གནས་མང་པོ་འཁུར་མྱོང་བ་དེའི་ནང་རྒྱལ་དོན་བློན་ཆེན་ཡིན་པའི་John Kerry འོག་གི་ཕོ་བྲང་དཀར་པོའི་འཕྲིན་གཏོང་ཀྲུའུ་རེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཚུད་ཡོད།  སྐུ་ཞབས་Biden གྱི་བརྡ་འཕྲིན་རུ་ཁག་ནི་Kate Bedingfield ཡིས་མགོ་ཁྲིད་དང་། མོ་ནི་ཕོ་བྲང་དཀར་པོའི་བརྡ་འཕྲིན་འགན་འཛིན་གྱི་འགན་འཁུར། Bedingfield ཡིས་མིག་སྔར་Biden-Harrisའགྲན་རྩོད་འདེམ་པའི་ཚོགས་པའི་སྤྱི་གཉེར་བ་གཞོན་པ་དང་བརྡ་འཕྲིན་འགན་འཛིན་གྱི་འགན་ཁུར།