Afganistanགྱི་Ghazni ཞིང་ཆེན་གྱི་བདེ་འཇགས་མི་སྣ་30རླངས་འཁོར་འབར་མདེལ་འབར་གས་ཁྲོད་རྐྱེན་ལམ་དུ་ཤོར་བ། 

Afganistan་དུ་གཟའ་ཉི་མའི་ཉིན Ghazni ཞིང་ཆེན་དུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་ཐོན་སྐབས་Afganistan གྱི་བདེ་འཇགས་དཔུང་སྡེའི་ཁོངས་མི་30རྐྱེན་ལམ་དུ་ཤོར་བ་དང་མི་24ལ་རྨས་སྐྱོན་ཕོག་ཡོད། དཔོན་རིགས་ཚོས་འབར་གས་ཀྱི་ཤུགས་ཚད་དང་ས་གནས་ལ་བསམ་གཞིག་བྱས་ཚེ་ཤི་རྨས་ཀྱི་མི་གྲངས་མང་དུ་འགྲོ་སྲིད།  ས་གནས་དེ་གའི་དཔོན་རིགས་ཀྱིས་འབར་གས་ཀྱི་དམིགས་ཚད་ནི་Afganistan གྱི་བདེ་འཇགས་དཔུང་སྡེའི་ཡན་ལག་སྟེ། སྤྱི་པའི་སྲུང་སྐྱོང་དཔུང་སྡེའི་སྒོ་ར་ཆེན་པོ་ཞིག་རེད་ཅེས་བཤད་པ་རེད། ཁོ་ཚོས་བཤད་རྒྱུར། འབར་གས་བྱུང་བས་ར་སྐོར་གྱི་མཐའ་འཁོར་གྱི་མི་སེར་གྱི་སྡོད་ཁང་ལ་གཏོར་བརླག་ཐེབས་ཡོད་པས། མི་སྔར་ལས་མང་པོ་ཤི་རྨས་འབྱུང་སྲིད་ཟེར། མིག་སྔར་འཇབ་རྒོལ་དོན་རྐྱེན་འདི་ལ་འགན་ཁུར་མཁན་མེད།  གཞན་ཡང་ཞིང་ཆེན་རིམ་པའི་མཐོ་རིམ་དཔོན་རིགས་ཤིག་ལ་དམིགས་པའི་འབར་གས་དོན་རྐྱེན་ཁྲོད་ཁ་སང་ཤར་རྒྱུད་ཀྱི་Zabul ཞིང་ཆེན་དུ་ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་23ལ་རྨས་སྐྱོན་ཕོག་ཡོད་པ་རེད།  Taliban དང་སྲིད་གཞུང་གི་གྲོས་མོལ་ཚོགས་ཆུང་གིས་Qatar གྱི་རྒྱལ་ས་Doha རུ་ཞི་བའི་གྲོས་མོལ་བྱེད་བཞིན་ཡོད་མོད། Afganistan ལ་འདས་ཟིན་པའི་ཟླ་ཤས་ནང་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་བྱུང་བ་ཡོད་།